ལི་ཁེ་ཆང་གིས་བྷར་ཛིལ་གྱི་སྲིད་འཛིན་རུའོ་སི་ཧྥུ་དང་གྲོས་མོལ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-21


             སྤྱི་ཟླ་5པའི་ཚེས་19ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བྷར་ཛིལ་གྱི་སྲིད་འཛིན་རུའོ་སི་ཧྥུ་དང་གྲོས་མོལ་གནང་། བྷར་ཛིལ་གྱི་སྲིད་འཛིན་གཞོན་པ་ཐི་མའེ་ཨར་ཡང་གྲོས་མོལ་ནང་མཉམ་ཞུགས་གནང་ཡོད།

             ལི་ཁེ་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཚབ་བྱས་ནས་སྲིད་འཛིན་རུའོ་སི་ཧྥུ་ལ་མཛའ་བརྩེའི་འཚམས་འདྲི་གནང་ཡོད་པ་དང་། ལི་ཁེ་ཆང་གིས། ཀྲུང་གོ་དང་བྷར་ཛིལ་གྱི་འབྲེལ་བ་ནི་ཉེ་བའི་ལོ་འདི་འགའི་རིང་ཕྱོགས་ཡོངས་ནས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། འཐབ་ཇུས་རང་བཞིན་དང་ཕྱོགས་ཡོངས་རང་བཞིན་ཡང་མུ་མཐུད་ནས་མཐོར་འདེགས་འགྲོ་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་བྷར་ཛིལ་གྱི་མཐོ་རིམ་དཔོན་རིགས་དང་འབྲེལ་འདྲིས་བྱས་ཏེ་ཆབ་སྲིད་ཡིད་རྟོན་ཟབ་སྤེལ་བྱ་རྒྱུ་དང་། མི་ཚུལ་རིང་ལུགས་ཐད་སྤེལ་རེས་ཟབ་མོ་བྱ་རྒྱུ། མུ་མཐུད་ནས་ཀྲུང་གོ་དང་བྷར་ཛིལ་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་ཆེན་པོ་ཐོན་པར་སྐུལ་མ་བཅས་བྱ་འདོད་ཡོད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1