སྡེ་དགེ་རྫོང་གིས་2023ལོར་དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ལྷ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-10


        ཉེ་ཆར། རང་རྫོང་གི་ཏང་སྲིད་ཐོག་ཁང་ཆེན་མོའི་ཐོག་བརྩེགས་ལྔ་པའི་ཚོགས་ཁང་དང་པོའི་ནང་སྡེ་དགེ་རྫོང་གིས་༢༠༢༣ལོར་དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། རྫོང་ཨུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧྥམ་ཡིང་ཀྲུའུ་ཚོགས་འདུ་རུ་ཞུགས་པ་མ་ཟད་གསུངས་བཤད་གནང་།  རྫོང་ཨུ་རྒྱུན་ཨུའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་རྒྱལ་མཚན་སོགས་འབྲེལ་ཡོད་འགོ་ཁྲིད་ཚོགས་འདུར་ཞུགས་པ་དང་།  རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཞུང་ཅུན་གྱི་ཚོགས་འདུ་གཙོ་སྐྱོང་གནང་།

        ཚོགས་འདུ་ཡིས་ཡིག་ཐོག་ཏུ་ཀྲུང་གོའི་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་སྐུལ་འདེད་སྐོར་གྱི་བཅའ་ཁྲིམས་དང་།  གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་ཐབས།  སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་སྲོལ་ཡིག་བཅས་ཀྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་བྱས།

 

        ཚོགས་འདུའི་ཐོག་རྫོང་དབུལ་བྲལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་ལས་དོན་གྱི་གཞུང་ལས་ཁང་གིས་ཞིང་ཆེན་གྱི་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གིས་དཀར་མཛེས་རྟའུ་རུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ཁུལ་ཨུ། ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་ནས།  རང་རྫོང་གི་གྲོང་གསེབ་ཐུན་མོང་དཔལ་འབྱོར་ཆག་ཉམས་སོང་བའི་གནས་ཚུལ་བརྡ་ཁྱབ་གཏོང་བ་མ་ཟད།  ཉེ་དུས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། 

        ཧྥམ་ཡིང་ཀྲུའུ་ཡིས་སྟོན་དོན། དབུལ་ཕོངས་བསྐྱར་ལོག་སྔོན་འགོག་བྱེད་པའི་གཞི་ཐིག་དངོས་སུ་དམ་འཛིན་བྱས་ནས།  འབྲེལ་མཐུད་ཏན་ཏིག་ཐུབ་པ་བྱ་དགོས།  ཤང་དང་གྲོང་རྡལ་ཁག་གིས་དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ལས་དོན་མུ་མཐུད་སྤེལ་ནས།  རྫོང་དང་ཤང་།  གྲོང་ཚོ་བཅས་རིམ་གསུམ་དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་པ་ཁག་གི་དྲ་མིག་ཅན་གྱི་འགན་འཁྲི་ནན་དུ་གཏོང་དགོས་ཞིང་།  དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལས་དོན་རྒྱུན་གཏན་བཞིན་སྤེལ་བ་བཅས་བྱེད་དགོས་པ་དང་།  ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེ་རུ་གཏང་དགོས།  ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ།  ཤང་གྲོང་ཁག་དང་སྡེ་ཚན་ཁག་གིས་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་ནན་ཏན་བྱ་དགོས།  གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་བཅོས་སྒྲིག་ནུས་ལྡན་བྱེད་ཐུབ་དགོས།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཟུར་བསྟན་ལེབ་མཐོང་དང་།  ཆད་བཤེར་ཆད་གསབ།  བཅོས་སྒྲིག་རྩིས་ཁྲ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གྲལ་བཤེར་ཐུབ་པའི་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བ་བྱ་དགོས། དག་ཐེར་ཡོ་བསྲང་གི་ཕན་འབྲས་དེ་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ནས། དུས་ཚོད་ལྟར་དག་ཐེར་ཡོ་བསྲང་བྱེད་མ་ཐུབ་པར་ཐད་ཀར་འགོ་ཁྲིད་དང་འགན་འཁྲིའི་སྡེ་ཚན་གྱི་འགན་འཁྲི་བདའ་འདེད་དང་འབྲེལ་བ་བྱ་རྒྱུ་ཡིན་པ།  དུས་ཚོད་དམ་འཛིན་བྱེད་ནས་རྣམ་གྲངས་འཛུགས་སྐྲུན་ལ་མཁོ་བའི་མ་དངུལ་འགན་ལེན་བྱ་དགོས་པ་དང་། རིགས་པས་ཁུངས་སྐྱེལ་ཟུང་དང་ཁས་ལེན་ཟུང་གི་བླང་བྱ་ལྟར་ནན་པོ་སྒྲུབ་དགོས་ཞིང་།  ལས་བགོས་འགོ་ཁྲིད་ཁག་དང་ལས་རིགས་གཙོ་སྐྱོང་སྡེ་ཁག་གིས་འཛུགས་སྐྲུན་གྱི་མྱུར་ཚད་དམ་འཛིན་བྱ་དགོས་ལ་རྣམ་གྲངས་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱང་དམ་འཛིན་བྱ་དགོས་པ་དང་།  སྲིད་དོན་གཙང་སྐྱོང་གི་རྣམ་གྲངས་འཛུགས་སྐྲུན་སྐོར་གྱི་གཏན་འབེབས་ཁག་གི་བླང་བྱ་དོན་འཁྱོལ་དེ་བས་ཀྱང་ནན་པོ་བྱ་དགོས།  རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱ་རྒྱུར་དམིགས་ནས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཞིང་ལས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྱུར་དང་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།  སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་པས་འབྲུ་རིགས་འདེབས་པའི་ཧུར་སེམས་ཆེ་རུ་བཏང་ནས། འབྲུ་རིགས་འདེབས་ཁྱོན་བརྟན་པོ་དང་།  ཐོན་ཚད་འཕར་རྒྱུ་འགན་སྲུང་བྱས་ནས།  ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ལ་སྐུལ་འདེད་གཏོང་རྒྱུ་ཕན་འབྲས་ངོ་མ་ཐོན་པ་བྱ་དགོས།  རྨོ་ཞིང་སྲུང་སྐྱོང་བྱེད་ཐབས་བརྟན་པོ་དོན་འཁྱོལ་དང་།  ཞིབ་དཔྱད་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཛུགས་པ།  ས་རྒོད་དུ་བསྐྱུར་བའི་བཅོས་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ནས།  རྨོ་ཞིང་ཞིང་ལས་མིན་པ་དང་འབྲུ་རིགས་མིན་པའི་རིགས་སུ་འགྱུར་བ་བཅས་བཀག་འགོག་བྱེད་པ་བྱེད་ནས་རྨོ་ཞིང་བལྟོས་མེད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།  དངོས་སྒྲུབ་ཀྱི་སྙིང་སྟོབས་དང་ལག་ལེན་གྱི་ཕན་འབྲས་ལ་བརྟེན་ནས་འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་དེ་བརྟན་དུ་གཏོང་བ་དང་།  སྲིད་ཇུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ།  ལས་བྱེད་པའི་ལས་སྒྲུབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས།  རྫོང་ཨུ་རྩ་འཛུགས་པུའུ་དང་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་སྲིད་ཇུས་གསོ་སྦྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།  ཤང་དང་གྲོང་རྡལ་ཁག་གིས་ལས་བྱེད་པར་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།  ལས་བྱེད་པ་མི་རེ་་རེས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུའི་འབྲེལ་ཡོད་སྲིད་ཇུས་དང་ངེས་དགོས་པའི་ཤེས་བྱ་ལག་དེབ་ལ་རྒྱུས་མངའ་ལོན་པ་བྱ་དགོས།  རྫོང་སྲ་བརྟན་འབྲེལ་མཐུད་གཞུང་ལས་ཁང་དང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།  རྫོང་ཨུ་རྩ་འཛུགས་པུས་དཔྱད་ཞིབ་དང་།  ལྟ་སྐུལ་སློབ་སྟོན།  བཀོད་འདོམས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་གཏོང་དགོས།  གྲོང་ཚོར་བཅའ་སྡོད་ལས་བྱེད་པས་འགན་འཁྲི་བསྒྲུབས་ཚུལ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་ལྟ་སྐུལ་ཞིབ་བཤེར་དང་ལྐོག་ཞིབ་བྱེད་ནས། ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ཐད་འདྲི་རྩད་དང་།  འགན་འཁྲི་རྩ་གཅོད།  མི་འདྲི་རྩད་བཅས་བྱེད་དེ། ལྟ་ཞིབ་དང་ལྡོག་སྐུལ་ལས་འགན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་འགན་འཁྲི་དོན་འཁྱོལ་བྱ་དགོས།  

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་བྱ་དགོས།  དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་གྱི་ལས་དོན་དང་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་གི་གནད་དོན་མི་ཐོན་པ་བྱེད་དགོས་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། དེ་ནི་ང་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་།  ཁྱོན་ཡོངས་ཀྱི་འདུ་ཤེས།  སྲོག་ཤིང་གི་འདུ་ཤེས། མིག་དཔེ་ལྟ་བའི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས། སྲུང་སྐྱོང་གཉིས་ཀྱི་ཞིབ་ཕྲའི་མཚོན་ཚུལ་མཐའ་གཅིག་ཏུ་བྱེད་དགོས་པ་དེ་རེད།  མཐུན་སྦྱོར་དང་གཞོགས་འདེགས་གནད་འཁེལ་ཡོང་བར་བྱ་དགོས།  དབུལ་བྲལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བར་བརྒལ་དུས་སྐབས་ནང་ཡང་བསྐྱར་དབུལ་པོར་འགྱུར་བར་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་།  རོགས་སྐྱོར་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ། གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་མ་དངུལ་རྣམ་གྲངས།  གྲོང་གསེབ་དར་རྒྱས་གཏོང་བའི་རྨང་གཞིའི་རང་བཞིན་སོགས་ཀྱི་ལས་དོན་འཆར་འགོད་བྱེད་དགོས་པ།  ཚང་མར་རིམ་པ་ཁག་དང་སྡེ་ཚན་ཁག་གི་མིག་མངས་འགྲིག་སྐོར་གཅིག་ལྟ་བུའི་བསམ་བློ་བརྟན་པོ་བཙུགས་ནས། མཐུན་སྦྱོར་དང་མཉམ་འགུལ་གཞོགས་འདེགས་དམ་ཟབ་བྱས་ཏེ། མཉམ་ཤུགས་ཤིག་ཆགས་པ་བྱ་དགོས།  དེ་ལྟར་བྱས་ཚེ་གཞི་ནས་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ལེགས་སྒྲུབ་བྱེད་ཐུབ་པ་རེད།  ལྟ་སྐུལ་སློབ་སྟོན་དང་འགན་འཁྲི་འདྲི་རྩད་གནད་འཁེལ་བྱེད་དགོས།  རྫོང་ཨུའི་ཞིང་ལས་གཞུང་ལས་ཁང་དང་རྫོང་སྲ་བརྟན་འབྲེལ་མཐུད་གཞུང་ལས་ཁང་གིས་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན། ལྷག་པར་དུ་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་།  ཐོན་ལས་ལས་ཞུགས།  རོགས་སྐྱོར་མ་དངུལ་ལྟ་སྐུལ་དོ་དམ།  སྐོར་གཟིགས་རྩིས་བཤེར་སོགས་གཙོ་གནད་ལས་དོན་ལ་དམིགས་པ་དང་།  གཙོ་གནད་གནད་དོན་ལ་དམིགས་ཏེ་རྒྱུན་རྣམ་ཅན་གྱི་ཆེད་དོན་ལྐོག་འདྲི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ།  རིམ་པ་ཁག་དང་སྡེ་ཁག་གི་འགོ་ཁྲིད་པ་གཙོ་བོ་རྣམས་ཀྱིས་སྐུ་དངོས་པོས་སྣེ་ཁྲིད་དང་།  སྐུ་དངོས་པོས་བཀོད་སྒྲིག  སྐུ་དངོས་པོས་རྗེས་འདེད་དོན་འཁྱོལ་བྱེད་དེ། ལས་ཀའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས།  རྫོང་ཨུ་ཡི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་དང་།  ཤང་གྲོང་༢༣གྱི་ཏང་ཨུ་ཧྲུའུ་ཅི་དང་ཡང་ན་ཤང་གྲོང་གི་འགོ་འཛིན།  ཧྲུའུ་ཅི་དང་པོ།  གྲོང་ཚོར་བཅའ་སྡོད་ལས་བྱེད་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1