གླིང་བ་ཡུལ་ཚོས་བྱེད་ཐབས་གསུམ་སྤྱད་དེ་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས།

འཕྲིན་སྤེལ་བ། དཔལ་མགོན། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 09-04


    བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། མི་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འདུ་ཤེས་ལེགས་འཛིན་གྱིས་བདེ་འཇགས་ཐོན་སྐྱེན་ལས་དོན་དོན་འཁྱོལ་དམ་འཛིན་སྒོས། མི་མངོན་པའི་རྐྱེན་ངན་ལ་དམིགས་ནས་ཉེན་ཁར་རིམ་བཤེར་བྱེད་ཆེད། ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས་ཏེ། མངའ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་བླངས།

    དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས་ལས་དོན་དོན་འཁྱོལ་དམ་འཛིན་བྱས། གླིང་བ་ཡུལ་ཚོས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། ཁྱིམ་སྡོད་ལས་བཟོ་བ་སྒྲིག་འཛུགས་ཀྱིས་འཕྲལ་མར་གྲོང་རྡལ་ནང་ཁུལ་གྱི་ཚོང་ཁང་དང་ཉེན་ལྡན་རྫས་འགྱུར་དངོས་རྫས། འབར་རླངས་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་རིམ་བཤེར་བྱས། མངག་གཏོང་ཁང་དང་མཉམ་འབྲེལ་གྱིས་འགྲོ་སྐྱོད་རླངས་འཁོར་ལ་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་དང་ལྟ་སྐུལ་ཞིབ་བཤེར་བྱས།

    མི་མངོན་པའི་རྐྱེན་ངན་གྱི་འབྱུང་རྩ་ལ་དམ་པོར་དམིགས་ཏེ་ཁྱོན་ཡོངས་ནས་ཉེན་ཁར་རིམ་བཤེར་བྱས། དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་ཆེད། གླིང་བ་ཡུལ་ཚོས་འབྱུང་རྩ་ནས་དམ་འཛིན་བྱས་ཏེ། མངའ་ཁོངས་ས་ཁུལ་གྱི་ཚོང་ཁང30ལ་ཞིབ་བཤེར་གང་ལེགས་བྱས། ཞིབ་བཤེར་བྱས་པ་བརྒྱུད་ད་ཆར་ཡུལ་ཚོར་ཟ་ཁང་གསུམ་གྱིས་འབར་རླངས་བཀོལ་བཞིན་ཡོད་པས། བརྟག་དཔྱད་མི་སྣས་ཡུལ་དངོས་ནས་ཟ་ཁང་གི་འབར་རླངས་ལ་རིམ་བཤེར་བྱས་ཏེ། ཟ་ཁང་གི་འགན་འཁུར་བར་འབར་རླངས་བེད་སྤྱོད་ཐད་དོ་སྣང་བྱེད་དགོས་པ་ནན་བཤད་བྱས།

    རིམ་བཤེར་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་མངའ་ཁོངས་ཀྱི་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ཇེ་ཆེར་བཏང་། གླིང་བ་ཡུལ་ཚོས་ཐེངས་འདིའི་རིམ་བཤེར་ཆེན་མོའི་ལས་དོན་དྲིལ་སྒྲོག་གི་གོ་སྐབས་དམ་འཛིན་བྱས་ཏེ། མངའ་ཁོངས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་དང་འབར་རླངས་བེད་སྤྱོད་སོགས་ཀྱི་བདེ་འཇགས་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཤིང་། རིམ་བཤེར་བྱས་ཏེ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད། ཕན་འབྲས་ངོ་མ་ཐོན་པ་བཅས་ལ་འགན་བླངས་ནས། མང་ཚོགས་ཀྱི་རང་ངོས་བདེ་འཇགས་འདུ་ཤེས་ཇེ་ཆེར་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1