བོད་སྨན་གྱི་སྨན་ངོ་ངོས་འཛིན་གྱི་འགྲན་བསྡུར་ཆེན་པོ།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-07


ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་བོད་སྨན་ཚན་ཁག་གིས་གཙོ་གཉེར་བྱས་པའི་བོད་སྨན་གྱི་སྨན་ངོ་ངོས་འཛིན་གྱི་འགྲན་བསྡུར་ཆེན་པོ་གཉེར་ཞིང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་བོད་ལུགས་གསོ་རིག་གི་སྨན་དོན་མི་སྣ་30ལྷག་ཙམ་ཞུགས་ཡོད་པ་རེད། བྱེད་སྒོའི་རིང་བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་སྨན་པ་དཀའ་བཅུ་པ་གཞོན་པ་ཚེ་བརྟན་དོན་གྲུབ་ཀྱིས་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་རི་སྐྱེས་སྨན་ངོ་སྣ་ཁ་200ལྷག་ཙམ་ས་གནས་ས་ཐོག་ཏུ་ངོ་སྤྲོད་བྱས་རྗེས། རྩ་ཆེའི་སྨན་ངོ་དང་སྨན་སྤྱོད་རིན་ཐང་ཅུང་ཆེ་བའི་སྨན་ངོ་སྣ་ཁ་100ལྷག་ཙམ་བདམས་ནས་སྨན་ངོ་ངོས་འཛིན་དང་ཞིབ་དཔྱད་བྱས་པ་མ་ཟད། གྲུབ་འབྲས་གཟེངས་སུ་ཐོབ་པའི་བདམས་ཐོན་པར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་ཡང་སྤྲད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ལས་སྨན་པ་ཚོས་རྫོང་ཁོངས་ཀྱི་སྨན་སྤྱོད་སྐྱེ་དངོས་ཁྱབ་ཚུལ་གྱི་ཁྱད་ཆོས་དང་སྐྱེ་འཚར་ཁོར་ཡུག་ཤེས་རྟོགས་ཐུབ་ནས་སྨན་དོན་མི་སྣའི་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།


འདི་ནི་འགྲན་བསྡུར་ལ་ཞུགས་མཁན་ཚོས་ཕྱིའི་དབྱིབས་ལ་ལྟ་བ་དང་། དྲི་མ་སྣོམ་པ། བྲོ་བ་མྱོང་བ་སོགས་བྱས་ནས་བོད་སྨན་གྱི་སྨན་ངོ་ངོས་འཛིན་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1