མཛོད་དགེ་རྫོང་གིས་རྔ་བ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་སྐབས་གཉིས་པ་དང་འཕྲུལ་མིའི་འགྲན་བསྡུར་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 12-01


མཛོད་དགེ་རྫོང་གི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་བྱེད་སྒོར་སྔར་བས་སྐུལ་འདེད་བཏང་ནས། གཞོན་ནུ་ལོ་ཆུང་གི་གསར་གཏོད་སྙིང་སྟོབས་དང་ལག་ལེན་ནུས་པ་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་ཚན་རིག་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཆེད། སྤྱི་ཟླ་11པའི་ཚེས་27ཉིན་ནས་ཚེས་28ཉིན་བར། མཛོད་དགེ་རྫོང་གིས་སྐབས་གཉིས་པའི་རྔ་བ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་དང་འཕྲུལ་མིའི་འགྲན་བསྡུར་སྔོན་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས། གསོ་སྦྱོང་དགེ་རྒན་གདན་དྲངས་ཏེ་མཛོད་དགེ་རྫོང་སློབ་འབྲིང་དུ་སློབ་གྲྭ་8ཀྱི་ཚན་རྩལ་དགེ་རྒན་དང་སློབ་མ་18ལ་དུས་ཡུན་ཉིན་2ཀྱི་གསོ་སྦྱོང་བྱས།

སློབ་ཁང་དུ་གསོ་སྦྱོང་དགེ་རྒན་གྱིས་ལོ་རེའི་ཕུལ་བྱུང་བརྩམས་ཆོས་དང་། mind+མཉེན་ཆས། རིག་ནུས་བཟོ་བསྐྲུན་གྱི་མཉེན་ཆས་ཆ་ཚང་། ZMROBO-2.0མཉེན་ཆས། བསྒྲིགས་རིམ་རྩོམ་སྒྲིག་སོགས་ལ་དམིགས་ནས་འགྲེལ་བཤད་ཞིབ་ཕྲ་བྱས་པར་མ་ཟད། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་དང་འཕྲུལ་མིའི་འགྲན་བསྡུར་གྱི་གཙོ་གནད་དང་དཀའ་གནད་མཚམས་སྦྱོར་བྱས། གཞན་འགྲན་བསྡུར་ཁྲོད་དོ་སྣང་བྱ་དགོས་པའི་དོན་ཚན་དང་འགྲན་ཞུགས་སྒྲིག་སྲོལ་འགྲེལ་བཤད་བྱས། ཆེད་དོན་འཆད་ཁྲིད་དང་གྱོད་དཔེ་དབྱེ་ཞིབ། བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་བསམ་བློ་བརྗེ་རེས་བྱས། གསོ་སྦྱོང་དུ་ཞུགས་པའི་དགེ་སློབ་རྣམས་ཀྱིས་བློ་རྩེ་གཅིག་ཏུ་སྒྲིམ་ནས་སློབ་ཁྲིད་ལ་ཉན་བཞིན་དོགས་གནད་བློ་འདྲི་བྱས། ཐེངས་འདིའི་གསོ་སྦྱོང་བརྒྱུད་དགེ་སློབ་རྣམས་ཀྱིས་རིན་བྲལ་ཤེས་བྱ་བསྡུ་ལེན་དང་། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོར་ངོས་འཛིན་ལེགས་པོ་བྱས་ཏེ། གཞོན་ནུ་ལོ་ཆུང་གི་ཚན་རྩལ་གསར་གཏོད་འགྲན་བསྡུར་ཆེན་མོའི་བྱེད་སྒོ་ཁྱབ་གདལ་དང་རྩལ་ནུས་མཐོར་འདེགས་ལ་ཆ་རྐྱེན་ལེགས་པོ་མཁོ་འདོན་བྱས། །


རྩོམ་ཡིག་རྗེས་མ།
༄༅།།ཞོ་སྟོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1