ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འགོ་ཁྲིད་རྣམ་པ་སི་ཁྲོན་དུ་ཕེབས་ནས་བོད་ཡིག་འཕྲིན་སྦྱོར་ལས་ཁུངས་ཁག་ལ་རྟོག་ཞིབ་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05


 རྟོག་ཞིབ་ཚོ་ཆུང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སུ་ཕེབས་ནས་འདི་གའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

    ཉེ་ཆར། ཀྲུང་གུང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ་སོགས་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་གསར་འགྱུར་ཁྱབ་སྤེལ་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་འཆར་གཞི་ལག་བསྟར་བྱ་ཆེད། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་

སློབ་གཙོ་གཞོན་པ་ཤེས་རབ་ཉི་མ་དང་རྩོམ་རིག་དང་གསར་འགྱུར་ཁྱབ་སྤེལ་སློབ་གླིང་གི་གླིང་གཙོ་ཀྲུང་ཅིན་ཝུན། གླིང་གཙོ་གཞོན་པ་ཀྲའོ་ལི་ཧྥང་སོགས་སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ལས་ཁུངས་སུ་རྟོག་ཞིབ་གནང་བར་ཕེབས།

    སྤྱི་ཟླ་6པའི་ཚེས་1ཉིན། རྟོག་ཞིབ་ཚོ་ཆུང་གིས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་བཞུགས་མོལ་གྲོས་ཚོགས་འཚོགས་ཤིང་། དུས་དེབ་ཚོགས་པའི་བོད་ཡིག་འཕྲིན་སྦྱོར་དྲིལ་བསྒྲགས་དང་པར་སྐྲུན་ཐད་ཀྱི་གནས་ཚུལ་དངོས་སུ་རྒྱུས་ལོན་བྱས་ཡོད་པ་དང་། དུས་དེབ་ཚོགས་པས་བོད་ཡིག་གི་དཔེ་ཆ་པར་སྐྲུན་དང་བོད་འབྲེལ་འཕྲིན་སྦྱོར་གསར་སྤེལ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་དུ་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། མ་འོངས་པར་སོ་སོས་ལས་ཀའི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱས་ཏེ་མཉམ་དུ་མི་རིགས་ས་ཁུལ་གྱི་གསར་འགྱུར་དང་པར་སྐྲུན་ལས་རིགས་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་པའི་རེ་བ་བཏོན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1