ཐེངས་བཅུ་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོང་འགྲེམ་སྟོན་ཚོགས་ཆེན་པེ་ཅིན་གྱི་ཀྲུང་གོ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


ཡོན་ཀྲོའུ་ཚན་རྩལ་སྤྱི་གཉེར་ཁང་གིས་འགྲེམ་སྟོན་བྱས་པའི་ལམ་སྟོན་བློ་ལྡན་རྟགས་ཅན་གྱི་རྒྱ་མཚོའི་རྟོག་ཞིབ་གྲུ་ཆུང་།

              སྤྱི་ཟླ་6པའི་ཚེས་9ཉིན། ཐེངས་བཅུ་བཞི་བའི་ཀྲུང་གོའི་རྒྱལ་སྤྱིའི་ཁོར་ཡུག་འགྲེམསྟོན་ཚོགས་ཆེན་པེ་ཅིན་གྱི་ཀྲུང་གོ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་འཚོགས་ཤིང་། འགྲེམ་སྟོན་སྟེང་དུ་མཁའ་དབུགས་བཙོག་བསྒྱུར་སྔོན་འགོག་དང་། འཐུང་ཆུ་བཙོག་བསྒྱུར་སྔོན་འགོག་སོགས་ཁོར་ཡུག་སྲོང་སྐྱོང་དང་འབྲེལ་བའི་སྔོན་ཐོན་འཕྲུལ་ཆས་དང་གསར་དུ་གཏོད་པའི་ལག་རྩལ། ཁོར་ཡུག་ལེགས་བཅོས་ཀྱི་ཐབས་ཇུས་སོགས་འགྲེམ་སྟོན་བྱས་པ་རེད། རི་མོ་སྟེང་གི་འཕྲུལ་ཆས་འདི་ནི་ཡོན་ཀྲོའུ་ཚན་རྩལ་སྤྱི་གཉེར་ཁང་གིས་འགྲེམ་སྟོན་བྱས་པའི་ལམ་སྟོན་བློ་ལྡན་རྟགས་ཅན་གྱི་རྒྱ་མཚོའི་རྟོག་ཞིབ་གྲུ་ཆུང་ཞིག་ཡིན་ལ། གྲུ་ཆུང་འདི་ཐོན་ཁོངས་རྟོག་ཞིབ་དང་ཆུ་གཤིས་རྟོག་ཞིབ་སོགས་ཀྱི་ཁྱབ་ཁོངས་སུ་བཀོལ་ཆོག་ལ། སྣུམ་གློག་མཉམ་སྤྱོད་དང་རང་འགུལ་ཚོད་འཛིན། རང་འགུལ་ལམ་སྟོན་སོགས་ཀྱི་ཁྱད་ཆོས་དང་བྱེད་ནུས་ལྡན་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1