ཨ་རིའི་སྲིད་འཛིན་འདེམ་བསྐོའི་འོས་མི་ཧེ་ལ་རེ་ཁི་ལིན་ཐྲིན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་སོང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-16


སྤྱི་ཟླ་6པའི་ཚེས་13ཉིན། ཨ་རིའི་དམངས་གཙོའི་ཏང་གི་སྲིད་འཛིན་གྱི་འོས་མི་དང་ཕྱི་སྲིད་དྲུང་ཆེ་སྔོན་མ་ཧེ་ལ་རེ་ཁི་ལིན་ཐྲིན་གྱིས་ཉིའུ་ཡོག་རུའོ་སི་ཝུལ་གླིང་ཕྲན་དུ་སྲིད་འཛིན་འདེམ་བསྐོའི་འགྲན་བསྡུར་གྱི་ཚོགས་ཆེན་དུ་ཞུགས་ཤིང་། འདི་ཡང་ཧེ་ལ་རེ་ཁི་ལིན་ཐྲིན་གྱིས་ཨ་རིའི་སྲིད་འཛིན་འདེམ་བསྐོའི་ནང་ཞུགས་རྗེས་ཀྱི་ཆེས་ཐོག་མའི་དངོས་གཞི་རྣམ་པའི་ཚོགས་ཆེན་བསྡུས་པ་དེ་ཡིན་འདུག གནས་འདིར་ཁོ་མོར་རྒྱབ་སྐྱོར་བྱེད་མཁན་གྱི་མི་གྲངས་སྟོང་ཕྲག་མང་པོ་འདུས་ཡོད་ཅིང་། དེའི་ཁྲོད་དུ་ཁོ་མོའི་ཁྱོ་གའམ་ཨ་རིའི་སྲིད་འཛིན་གནང་མྱོང་མཁན་བྷེར་ཁི་ལིན་ཐྲིན་ལགས་དང་ཁོང་གཉིས་ཀྱི་བུ་མོ་སོགས་བཟའ་འཁོར་དང་བཅས་པ་སླེབས་ཡོད་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1