ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཡི་རང་འདེམ་ཚོང་ར་ཞིག་ཏུ་རྟོག་ཞིབ་གནང་བར་ཕེབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-18



ཞི་ཅིན་ཕིང་གིས་ཚོང་ར་དེའི་ནང་དུ་ཚོང་རྫས་ཤིག་བླངས་ཏེ་ཞབས་ཞུ་བར་ཁག་ཐེག་དུས་ཚོད་འདྲི་བཞིན་པ།

              སྤྱི་ཟླ་6པའི་ཚེས་17ཉིན། ཞིན་ཧྭ་གསར་ཁང་ནས་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ཏེ་ཀུའེ་དབྱང་དུ་ཕེབས་ཤིང་། ལམ་བར་དུ་རླངས་འཁོར་འཇོག་སའི་ཞབས་ཞུ་ཁུལ་གྱི་རང་འདེམ་ཚོང་ར་ཆུང་ཆུང་ཞིག་ཏུ་ཕེབས་ནས་རྟོག་ཞིབ་གནང་། སྤྱི་ཁྱབ་ཧྲུའུ་ཅི་མཐོང་བའི་མོད་ལ་ན་གཞོན་ཞབས་ཞུ་བ་དེ་གཉིས་དགའ་སྤྲོ་ཚད་མེད་སྐྱེས། ཞི་ཅིན་ཕིང་གིས་ཚོང་ར་དེའི་ནང་དུ་ཚོང་རྫས་ཤིག་བླངས་ཏེ་དེའི་ཞབས་ཞུ་བར་ཁག་ཐེག་དུས་ཚོད་དྲིས་དུས། ཞབས་ཞུ་བས་ཚོང་རྫས་འདི་ད་ལོའི་ཟླ་2པའི་ནང་ཐོན་སྐྱེད་བྱས་པ་རེད། ད་རུང་ཁག་ཐེག་དུས་ཡུན་ཟླ་10འདུག་ཅེས་ལན་བཏབས། ཚོང་ཁྲོམ་དེའི་ཕྱི་རུ་ད་རུང་ཚོང་རྫས་བཤམས་སྐོར་ཁག་གཉིས་བཤམས་ཡོད་ཅིང་། ཞི་ཅིན་ཕིང་ཐུགས་དགྱེས་བཞིན་དུ་ཚོང་ར་འདིའི་གནས་ཚུལ་ལ་རྒྱུས་ལོན་གནང་ཡོད། །

           ཀུའེ་ཀྲོའུ་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་གཞི་གྲངས་ཆེན་པོ་དེ་བརྟོར་སྒོ་རུ་བཟུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བཞིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་དེ། ཁོང་གིས་ས་གནས་ལས་བྱེད་པར། ངས་གོ་སོང་། ཀུའེ་ཀྲོའུ་འཕེལ་རྒྱས་ཀྱི་གཞི་གྲངས་ཆེན་པོ་དེ་དངོས་གནས་གནས་ལུགས་དང་ལྡན་པ་ཞིག་རེད་ཅེས་གསུངས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1