འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པར་དྲན་གསོ་ཞུ་བའི་དངུལ་སྒོར་འགྲེམ་སྟོན་དེ་ཀོང་ཀྲུའུ་གྲོང་ཁྱེར་དུ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26


            ཉེ་ཆར། ལོ་རྒྱུས་ཡིད་ལ་དམ་པོར་བཅངས་ནས་མ་འོངས་ལམ་ཆེན་གསར་དུ་གཏོད་ཅེས་པ་བརྗོད་བྱ་བྱས་པའི་ཀྲུང་གོའི་མི་དམངས་དངུལ་ཁང་གི་ཀོང་ཀྲུའུ་ཡན་ལག་ཁང་གིས། ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པར་དྲན་གསོ་ཞུ་བའི་དངུལ་སྒོར་འགྲེམ་སྟོན་དེ་ཀོང་ཏུང་ཧྭ་ཆའོ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད།

            ཀྲུང་གོའི་མི་དམངས་དངུལ་ཁང་གི་ཀོང་ཀྲུའུ་ཡན་ལག་ཁང་གི་ཀྲུའུ་རེན་ཞིས་ཝེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དུ་ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ་42ཀྱི་དངུལ་སྒོར་དང་དོང་ཙེ་257བསྡུས་ནས་འགྲེམ་སྟོན་བྱས་ཡོད་ཅིང་། རླབས་ཆེ་བའི་ཀྲུང་གོའི་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགྲེམ་སྟོན་ཁུལ་གཉིས་ཕྱེས་ཡོད། པར་རིས་སྒྲགས་མའི་རྣམ་པ་བྱས་ཏེ་དངུལ་ལོར་དང་ལོ་རྒྱུས་མི་སྣ་སོགས་གསལ་བཤད་བྱས་ཡོད་པར་མ་ཟད། ཀོང་ཏུང་གི་ཁྱད་ལྡན་ཐོན་རྫས་སྐོར་ཞིག་ཀྱང་འགྲེམ་སྟོན་བྱས་ཡོད་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1