༄༅། །འཛམ་གླིང་སྟེང་གི་རླངས་འཁོར་ཆེས་ཐོག་མ་དེ་སུས་གསར་བཟོ་བྱས་པ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26



 

འཇར་མན་དུ་གཟིགས་སྐོར་བ་ཞིག་གིས་འཛམ་གླིང་སྟེང་གི་ཆེས་ཐོག་མའི་རླངས་འཁོར་ལ་མྱོང་རོལ་བྱེད་བཞིན་པ།

   རླངས་འཁོར་ནི་བགྲང་ལོ་བརྒྱའི་ཡར་སྔོན་ན་གསར་བཟོ་བྱས་པ་ཞིག་ཡིན་ཞིང་། རླངས་འཁོར་ཐོག་མ་དེ་བྱུང་བ་ནས་བཟུང་ད་སྐབས་བར་འཛམ་གླིང་སྟེང་ན་གྲངས་འབོར་དུང་ཕྱུར་10གྲངས་ལས་བརྒལ་བའི་རླངས་འཁོར་བཀོལ་སྤྱོད་བྱེད་བཞིན་ཡོད་པར་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་འཚོ་བའི་སྤུས་ཚད་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད། དོན་དུ་འཛམ་གླིང་སྟེང་ན་རླངས་འཁོར་ཆེས་ཐོག་མ་དེ་སུས་གསར་བཟོ་བྱས་པ་ཡིན་ནམ་ཟེར་ན།

 

1903ལོའི་རླངས་འཁོར་ཞིག་དེང་རབས་ཀྱི་འཇེབ་འཁོར་ཞིག་དང་ལྷན་དུ་སྐྱོད་བཞིན་པ།

  1883ལོའི་ཟླ་10པའི་ཚེས་1ཉིན། ཁོ་ཨེར་པན•ཐྲི་ཡིས་ཚོང་གཉེར་བ་གཞན་པ་གཉིས་དང་མཉམ་དུ་འཇར་མན་མན་ཧན་མུའུ་རུ་སྤྱི་གཉེར་ཁང་ཞིག་མཉམ་དུ་བཙུགས་པ་སྟེ་ལའེ་དབྱིན་འབར་རླངས་ཤེད་འཕྲུལ་བཟོ་གྲྭ་ཡིན་ལ་ཕེབ་ཁྲི་སྤྱི་གཉེར་ཁང་གི་ཐོག་མའང་ཡིན། 1884ལོར་ཁོ་ཚོར་རླངས་སྣུམ་ཤེད་འཕྲུལ་བཟོ་བའི་ཁྲོལ་ཡིག་ཐོབ། སྐབས་དེར་རླངས་སྣུམ་ཤེད་འཕྲུལ་བཟོ་བར་རླངས་འཁོར་ལ་བཀོལ་སྤྱོད་བྱེད་པ་མ་ཡིན་ལ་བཟོ་གྲྭ་དང་གཏེར་ལས་རིགས་ལ་བཙོང་ནས་ཐོན་སྐྱེད་ལ་སྒུལ་ཤུགས་འདོན་སྤྲོད་བྱ་རྒྱུ་དེ་རེད། ཁོ་ཨེར་པན•ཐྲིས་རླངས་སྣུམ་ཤེད་འཕྲུལ་གྱིས་འཁོར་ལོ་ཡོད་པའི་འདུག་སྟེགས་ལ་སྒུལ་ཤུགས་འདོན་སྤྲོད་བྱས་ཏེ་ཤིང་རྟ་འཁོར་ལོའི་ཚབ་བྱེད་སྙམ་ནའང་འཛམ་གླིང་སྟེང་ན་མེད་པའི་དངོས་རྫས་ཤིག་གསར་དུ་བསྐྲུན་རྒྱུ་དེ་ཙམ་ལས་སླ་མོ་ཞིག་མ་ཡིན། ཁོ་ཨེར་པན•ཐྲིས་ལོ་མང་པོའི་རིང་ཞིབ་འཇུག་བྱས་མཐར་1886ལོའི་ཟླ་1པོའི་ཚེས་29ཉིན་རླངས་སྣུམ་ཤེད་འཕྲུལ་གྱིས་སྒུལ་ཤུགས་བྱས་པའི་འཕང་གསུམ་འཁོར་ལོའི་ཆེད་ཕན་དབང་ཆ་ཐོབ། མང་ཆེ་ཤོས་ཀྱིས་འདི་ནི་འཛམ་གླིང་སྟེང་ན་ཆེས་ཐོག་མའི་རླངས་འཁོར་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

 

རིན་གོང་ཨ་སྒོར་ཁྲི་140ལ་ཟིན་པའི་འཇར་མན་གྱི་རྒྱས་སྤྲོས་ཆེ་བའི་རླངས་འཁོར།

   1886ལོའི་ཟླ་3པའི་ཚེས་8ཉིན། ཏའེ་མུའུ་ལེ་ཞེས་པའི་འཇར་མན་པ་ཞིག་གིས་ཁོའི་ཆུང་མར་ལོ་43གྱི་སྐྱེས་སྐར་ལེགས་སྐྱེས་སུ་ཉོས་པའི་ཤིང་རྟ་འཁོར་ལོར་ཤེད་འཕྲུལ་བེད་སྤྱོད་བྱས་པར་འཛམ་གླིང་སྟེང་གི་ཆེས་ཐོག་མའི་འཁོར་ལོ་བཞི་ཅན་གྱི་རླངས་འཁོར་ཡིན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1