༄༅། །སྤྱི་དམངས་ཀྱི་དམངས་དོན་བྱ་སྤྱོད་ནུས་པར་རིགས་གསུམ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-30


          རིགས་གཅིག་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མི་སྟེ། མི་འདིའི་རིགས་ཕྱོགས་གཉིས་སུ་བགར་ཡོད། (1) རང་ལོ་18ཡན་གྱི་སྤྱི་དམངས་དང་། (2) རང་ལོ་16ལོན་པ་ནས་18མ་ལོན་ཡང་རང་ཉིད་ཀྱི་ངལ་རྩོལ་ཡོང་འབབ་འཚོ་རྟེན་གཙོ་བོ་བྱེད་པའི་སྤྱི་དམངས་ཡིན། རིགས་གཉིས་པ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ཆ་ཤས་ཡོད་པའི་མི་སྟེ། དེ་ནི་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚད་མི་འདྲ་བའི་ཚད་བཀག་ཐེབས་པའི་སྤྱི་དམངས་ཡིན། བྱེ་བྲག་གི་བསྟན་དོན་ནི་རང་གི་ལོ་ཚད་དམ་ནུས་སྟོབས་དང་འཚམ་པའི་དམངས་དོན་བྱ་འགུལ་སྤེལ་ཆོག་པའི་མི་ལ་གོ མི་འདིའི་རིགས་ཕྱོགས་གཉིས་སུ་བགར་ཡོད་དེ། (1) རང་ལོ་10ཡན་དང་18མན་གྱི་ནར་མ་སོན་པའི་མི་དང་། (2) རང་ཉིད་ཀྱི་བྱ་སྤྱོད་ལ་དབྱེ་འབྱེད་གསལ་བོ་བྱེད་མི་ཤེས་པའི་སྨྱོ་ནད་ཅན་གྱི་མི་ཡིན།རིགས་གསུམ་པ་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མི་སྟེ། དེ་ནི་རང་ཉིད་ཀྱི་བྱ་སྤྱོད་ཀྱིས་དམངས་དོན་ཁེ་དབང་དང་དམངས་དོན་འོས་འགན་ལག་བསྟར་བྱེད་མི་ཆོག་པའི་མི་ལ་གོ མི་འདིའི་རིགས་ཀྱང་ཕྱོགས་གཉིས་སུ་བགར་ཡོད་དེ།1) རང་ལ་10ལ་མ་སོན་པའི་མི་དང་། (2) ཐག་གཅོད་ནུས་པ་དང་རང་ཉིད་སྲུང་སྐྱོང་བྱེད་ནུས་མེད་ལ། བྱ་སྤྱོད་དེའི་མཇུག་འབྲས་ཅི་ཡིན་མི་ཤེས་པའི་སྨྱོ་ནད་ཅན་གྱི་མི་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1