ཞིན་ཅང་ཕི་ཧྲན་རྫོང་དུ་ཚད་རིམ་6.5ཅན་གྱི་ས་འགུལ་བྱུང་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-03


    སྤྱི་ཟླ་7པའི་ཚེས་3ཉིན་གྱི་དུས་ཚོད་9དང་སྐར་མ་7གྱི་ཐོག ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཐེན་ཏི་ཁུལ་གྱི་ཕི་ཧྲན་རྫོང་(བྱང་འཕྲེད་ཚད་ཏུའུ་37.6དང་ཤར་གཞུང་ཚད་ཏུའུ་78.2ཡིན།)དུ་ཚད་རིམ་6.5ཅན་གྱི་ས་འགུལ་བྱུང་བ་དང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྟོང་སྨི་10འདུག ཡེ་ཁྲེན་རྫོང་ཐོག་ཏུ་ས་འགུལ་བྱུང་བའི་ཚོར་བ་དྲག་པོ་བྱུང་བས་མི་རྣམས་སྟབས་སྟབས་པོར་ཐོག་ཁང་ནས་བབས་ཏེ་སྲང་ལམ་དུ་འཚང་འདུག

    ཕི་ཧྲན་རྫོང་ནི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་། བྱེ་ཐང་ཆེན་པོ་ཐ་ཁི་ལ་མ་ཀན་གྱི་ལྷོ་མཐའ་རུ་ཡོད། ཁུ་ནུ་རི་བོའི་བྱང་རྒྱུད་དུ་ཡོད་པ་རེད། ཤར་ཕྱོགས་ཧོ་ཐེན་རྫོང་དང་མའོ་ཡུས་རྫོང་དང་འབྲེལ་ཞིང་། ནུབ་ཕྱོགས་ཡེ་ཁྲེན་རྫོང་དང་འདབས་འབྲེལ་དུ་ཆགས་ཡོད། ལྷོ་ཕྱོགས་ནི་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཡིན། བྱང་ཕྱོགས་ནི་མའེ་ཀན་ཏི་རྫོང་དང་པ་ཁྲུའུ་རྫོང་དང་འབྲེལ་ཡོད། དེ་བཞིན་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྟེ་བ་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དང་སྤྱི་ལེ་1811.6ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1