འཕྲིན་ཐུང་གི་དེད་དཔོན་སྙུང་གཞིའི་དབང་གིས་སྐུ་གཤེགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-06



  འཕྲིན་གཏོང་འཛམ་གླིང་དྲ་བའི་(CWW)འཕྲིན་དུ།   1984ལོར།  ཧྥིན་ལན་གྱི་བཟོ་བཀོད་པ་ཞིག་གིས་འཕྲིན་ཐུང་གི་ཞབས་ཞུ་གསར་གཏོད་གནང་བར་མ་ཟད།  1992ལོའི་ཟླ་12པའི་ཚེས་3ཉིན། ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་ཞེས་པའི་འཛམ་གླིང་སྟེང་གི་འཕྲིན་ཐུང་ཐོག་མ་བཀྲམས། འཕྲིན་ཐུང་གི་མིང་ལ་ཆ་འཕྲིན་ཐུང་པའི་ཞབས་ཞུ་(Short Message Serviceཞེས་བསྡུས་མིང་ལ་SMS)ཞེས་འབོད་ཅིང་། དེ་ནི་དེང་གི་ཆར་འཕྲིན་གཏོང་ཐབས་གཙོ་བོའི་གྲས་ཀྱི་གཅིག་ཡིན་པ་དང་། མིག་སྔར་འཛམ་གླིང་དུ་ཉིན་རེར་འཕྲིན་ཐུང་དུང་ཕྱུར་ཁྲི་ལས་བརྒལ་བ་གཏོང་བཞིན་ཡོད་པ་རེད།

  ཕྱི་ཕྱོགས་གསར་ལམ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་སྔོན་མའི་གཟའ་པ་སངས་ཉིན།  SMSའཕྲིན་ཐུང་གི་དེད་དཔོན་དུ་གྲགས་པའི་ཧྥིན་ལན་གྱི་བཟོ་བཀོད་པ་Matti Makonenསྙུང་གཞིའི་དབང་གིས་སྐུ་གཤེགས་འདུག 1984ལོར་འཕྲིན་ཐུང་གསར་གཏོད་བྱེད་དུས་སུ།  ཧྥིན་ལན་གྱི་འཕྲིན་གཏོང་སྒྲིག་ཆས་བཟོ་ཚོང་ཁང་ནོ་ཀེ་ཡས་འཕྲིན་ཐུང་ཞབས་ཞུ་གསར་སྤེལ་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་དང་། ནོ་ཀེ་ཡས་ཀྱང་Mattiཡི་རོགས་འདེགས་བརྒྱུད་འཕྲིན་ཐུང་གཏོང་ཐུབ་པའི་ཁ་པར་ཐོག་མ་གསར་གཏོད་བྱས་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1