ཀྲང་ཧའོ་ཡིས་སྣེ་ཁྲིད་དེ་ཀོང་ཏུང་ཞིང་ཆེན་དུ་འབྲེལ་མཐུད་དང་ཁ་གཏད་རོགས་སྐྱོར་ལས་ཀར་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-15


       

         སྤྱི་ཟླ་7པའི་ཚེས་6ཉིན་ནས་ཚེས་8ཉིན་གྱི་བར། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཧའོ་ཡིས་ལས་ཀའི་ཚོ་ཆུང་སྣེ་ཁྲིད་དེ་ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲོའུ་དང་ཧྲེན་ཀྲེན་གྲོང་ཁྱེར་དུ། རིག་གནས་ཡུལ་སྐོར་དང་རྒྱང་བསྒྲགས་གསར་འགྱུར་ལས་ཁུངས་བཅས་དང་ཁ་གཏད་རོགས་སྐྱོར་ལས་ཀའི་སྐོར་མཐུད་འབྲེལ་བྱེད་བཞིན་པ།

ཀོང་ཀྲོའུ་རུ་ཡོད་པའི་དུས་ཡུན་ནང་དུ། ཀྲང་ཧའོ་ཡིས་སྔོན་རྗེས་སུ་ཀོང་ཏུང་ཞིང་ཆེན་གྱི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་བོད་སྐྱོར་གཞུང་ལས་ཁང་དང་། ཀོང་ཏུང་ཞིང་ཆེན་གྱི་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་ཅུས། ཞིང་ཆེན་ཡུལ་སྐོར་ཅུས། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་རིག་གནས་ཐིང་། ཀོང་ཏུང་རྒྱང་བསྒྲགས་བརྙན་འཕྲིན་ཁང་། ཀོང་ཏུང་རྒྱང་བསྒྲགས་བརྙན་འཕྲིན་དྲ་བའི་སྤྱི་གཉེར་ཁང་གི་འགན་འཁུར་བ་སོགས་དང་བཞུགས་མོལ་བྱེད་པ་དང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཁ་གཏད་རོགས་སྐྱོར་སོགས་ལས་ཀའི་གནས་ཚུལ་ངོ་སྤྲོད་བྱས། ཕྱོགས་གཉིས་ཀྱིས་ལྷན་དུ་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་ལས་ཀའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་ཡོང་ཐབས་ལ་ཞིབ་འཇུག་གནང་བར་མ་ཟད། ལས་རིགས་ཀྱི་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཡོད་དོན་ཚན་སྐོར་ལ་མཐུད་འབྲེལ་བྱས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1