ཨི་རན་གྱི་ཉིང་རྡུལ་གནད་དོན་ཕྱོགས་ཡོངས་ནས་གྲོས་མཐུན་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


        སྤྱི་ཟླ་7པའི་ཚེས་14ཉིན། ཨོ་སི་ཐྲི་ཡ་ཝི་ཨེ་ན་མཉམ་འབྲེལ་རྒྱལ་ཚོགས་ལྟེ་གནས་སུ། ཨི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་དང་ཡོ་རོབ་མཉམ་འབྲེལ་རྒྱལ་ཁབ་ཀྱི་འཐུས་མི། ཨི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་བཅས་ཀྱི་མཉམ་པར།

  སྤྱི་ཟླ་7པའི་ཚེས་14ཉིན། ཨི་རན་གྱི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་(ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ་དང་འཇར་མན།)དང་ཨི་རན་བར་ལོ་རྒྱུས་རང་བཞིན་ལྡན་པའི་ཕྱོགས་ཡོངས་ཀྱི་ཨི་རན་ཉིང་རྡུལ་གནད་དོན་གྲོས་མོལ་བྱེད་པར་གྲོས་མཐུན་བྱུང་། རྒྱལ་ཁབ་དྲུག་དང་ཨི་རན་བར་ལོ་གཅིག་ལྷག་གི་དུས་ཚོད་རིང་ལ་གྲོས་མོལ་བྱས་པར་བརྒྱུད། ལོ་12རིང་རྒྱུན་མཐུད་བྱས་པའི་ཨི་རན་གྱི་ཉིང་རྡུལ་གནད་དོན་ལ་ཆབ་སྲིད་ཀྱི་ལྟ་ཚུལ་གཅིག་མཐུན་བྱུང་།

 རྒྱལ་ཁབ་དྲུག་དང་ཨི་རན་ཁག་གཉིས་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལ་གཙོ་གཞི་གྲས་དང་ལག་རྩལ་ཟུར་བཏགས་5བཅས་འདུས་ཡོད། འོག་ཏུ་གྲོས་མཐུན་སྐོར་གྱི་གཙོ་གནད་འགའ་ཡིན་པ་སྟེ།  ཨི་རན་གྱིས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་ཡིན་རུང་ཉིང་རྡུལ་མཚོན་ཆ་ཐོན་འབྱེད་དང་ཐོབ་པ་མི་བྱེད་རྒྱུ། རྒྱལ་ཁའི་ངང་ཕྱོགས་ཡོངས་ཀྱི་གྲོས་མོལ་དོན་ཐོག་ཏུ་འཁྱོལ་བར་ཨི་རན་གྱིས་《ཉིང་རྡུལ་མཚོན་ཆ་ཁྱབ་མཆེད་མི་བྱེད་པའི་ཆིངས་ཡིག》གི་འབྲེལ་ཡོད་པའི་གཏན་འབེབས་འོག་ཏུ་ཞི་བདེའི་ཐོག་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་དབང་ཆ་ཡོད། ཨི་རན་གྱི་ཉིང་རྡུལ་འཆར་གཞི་ཡང་《ཉིང་རྡུལ་མཚོན་ཆ་ཁྱབ་མཆེད་མི་བྱེད་པའི་ཆིངས་ཡིག》ལ་མིང་བཏགས་འགོད་པའི་རྒྱལ་ཁབ་གཞན་པར་གཅིག་མཚུངས་ཀྱི་ལྟ་སྟངས་ཡོད།   ཨི་རན་གྱིས་ལྟོ་གྱེས་འཕྲུལ་ཆས་ཀྱི་གྲངས་ཚད་སུམ་ཆ་གཉིས་ཉུང་དུ་གཏོང་རྒྱུ་དང་། ཕལ་ཆེར་ཁྲི་1.9ནས་6104ལ་ཉུང་དུ་གཏོང་རྒྱུ་རེད། ཨི་རན་གྱི་གྲོང་ཁྱེར་ཨ་ཁི་ར་ལ་ཡང་བསྐྱར་འགྱུར་བྱུང་གྲུབ་ཕུང་འཛུགས་སྐྲུན་བྱ་རྒྱུ། རེད་དེ་ཞི་བདེའི་དམིགས་འདུན་ལྟར་དུ་བེད་སྤྱོད་བྱ་རྒྱུ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1