ཞི་ཅིན་ཕིང་གིས་ཅི་ལིན་ཡན་པེན་དུ་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-17


 

           སྤྱི་ཟླ་7པའི་ཚེས་16ཉིན། ཞིན་ཧྭ་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་ཡན་པེན་ལ་རྟོག་ཞིབ་གནང་བར་ཕེབས་པ།  ཡན་པེན་ཁོ་རི་ཡ་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ལི་ཅིན་ཧོ་གཙོས་ས་གནས་མང་ཚོགས་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད་པ་རེད།

           ཚེས་16ཉིན་གྱི་ཉིན་གུང་། ཞི་ཅིན་ཕིང་གི་ཆེད་ཕེབས་གནམ་གྲུ་ཡན་ཅི་ཁྲའོ་དབྱང་ཁྲོན་གནམ་གྲུ་འབབ་ཐང་དུ་བབས་ཅིང་། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཡན་པེན་དངོས་མང་བཤམས་སྟོན་ཁང་དུ་ཕེབས། དེ་ནས་ཡན་པེན་ཁུལ་གྱི་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད། ཡན་པེན་གྱི་གྲུབ་འབྲས་དང་ཁོ་རི་ཡ་མི་རིགས་ཀྱི་དམངས་སྲོལ་རིག་གནས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།

         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རླངས་འཁོར་ནས་བབས་ཏེ། ཞིང་ཚིགས་བརྒྱུད་དེ་ཞིང་ནང་དུ་ངལ་རྩོལ་བྱེད་བཞིན་པའི་ཞིང་བ་དང་ཞིང་ལས་ལག་རྩལ་མི་སྣ་དང་ཁ་བརྡ་བྱས་པ་བརྒྱུད། ས་གནས་ཞིང་བའི་ལོ་ལེགས་བྱུང་ཚད་ལ་རྒྱུས་ལོན་གནང་། ཞི་ཅིན་ཕིང་གིས། ཀྲུང་གོར་མི་གྲངས་དུང་ཕྱུར་13ཡོད་ལ། དེ་བས་ང་ཚོས་ངེས་པར་རང་ཉིད་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་ཡོང་བར་བྱ་དགོས། འབྲུ་རིགས་ཀྱིས་ཀྱང་ཚོང་རྫས་སྤུས་ལེགས་བཟོ་ཆོག དེ་ལྟར་བྱས་ན་རིན་གོང་དང་ཁེ་སྤོགས་ཀྱང་བཟང་རྒྱུ་རེད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1