ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ་དམག་སྡེ་16པར་གཟིགས་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-20


          ཉེ་ཆར། བརྒྱད་གཅིག་དམག་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དམག་སྡེ་16པར་ཆེད་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་དམག་སྡེ་16པའི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་གནང་བར་མ་ཟད། དམག་ཡོངས་ཀྱི་འཐབ་ཇུས་བློ་འདོན་པ་དང་། དྲག་ཆས་རུ་ཁག་གི་དཔོན་དམག དམངས་དམག་གི་གྲ་སྒྲིག་རུ་མི་སོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས། ད་དུང་དམག་སྡེའི་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་ཧྲི་ཤོག་དང་ལུའི་ཤོག་གི་གཙོ་གཉེར། ཁྲང་ཁྲོན་དུ་གནས་སྡོད་བྱས་པའི་ཧྲི་ཤོག་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སོགས་ལ་མཛའ་བརྩེ་ལྡན་པའི་ངང་མཇལ་འཕྲད་གནང་བར་མ་ཟད། ཁོང་ཚོ་དང་ལྷན་དུ་མཉམ་པར་བླངས།  

           ཞི་ཅིན་ཕིང་གིས། བསམ་བློའི་སྔོན་འགྲོ་རྒྱུན་འཁྱོངས་དང་དམག་འཐབ་སྦྱོང་བརྡར་རྒྱུན་འཁྱོངས། སྒྲིག་ལམ་ནན་སྲུང་རྒྱུན་འཁྱོངས་དང་རང་དཔེ་གཞན་སྟོན་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་བབ་གསར་པའི་འོག་གི་ལས་འགན་གསར་པ་ལ་གཞིགས་ནས་དམག་སྡེ་དོ་དམ་ལེགས་པོ་བྱ་དགོས་པ་དང་། མཚན་ཉིད་བཞི་ལྡན་གྱི་དུས་རབས་གསར་པའི་གསར་བརྗེའི་དམག་མི་གསོ་སྦྱོང་བྱ་བ་གཙིགས་ཆེན་དུ་བཟུང་ནས། དམག་དཔུང་སྟོབས་ཆེན་འཛུགས་པའི་དམིགས་འབེན་མངོན་འགྱུར་བྱ་དགོས་ཞེས་ནན་གྱི་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1