སི་ཁྲོན་ཞིང་ཆེན་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

ཚེ་བརྟན་སྒྲོལ་མས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-22


               སྤྱི་ཟླ་ 7 པའི་ཚེས་ 21 ཉིན་གྱི་སྔ་དྲོར། ཞིང་ཆེན་ 4·20 ཡི་ལུའུ་ཧྲན་ས་འགུལ་གྱི་གནོད་རྗེས་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཁྲེན་ཏུའུ་རུ་འཚོགས་ཤིང་། ལུའུ་ཧྲན་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས། ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་ལ་འགོ་འཛིན་བྱས་ཤིང་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཞིང་ཆེན་གྱི་འགོ་འཛིན་ཝེ་ཧུང་ཚོགས་འདུ་ལ་ཞུགས། 

ཚོགས་འདུ་མ་འཚོགས་གོང་གི་ཉིན་དེ་ནི། ཏག་ཏག་བསྐྱར་སྐྲུན་བྱེད་འགོ་ཚུགས་ནས་ལོ་གཉིས་ལོན་པར་འཁེལ་ཡོད། ཝང་ཏུང་མིང་དང་། ཝེ་ཧུང་གཉིས་ཆེད་དུ་གཡག་རྔ་རུ་ཕེབས་ནས་བསྐྱར་སྐྲུན་ལས་ཀར་རྟོགས་ཞིབ་མཛུབ་སྟོན་བྱས་པ་དང་། ལས་བྱེད་མང་ཚོགས་དང་ལས་གཞིའི་འཛུགས་སྐྲུན་མཁན་དག་ལ་འཚམས་འདྲི་ཞུས།

ལོ་གཉིས་རིང་གི་གནོད་རྗེས་བསྐྱར་སྐྲུན་བྱས་པ་བརྒྱུད། ལུའུ་ཧྲན་ས་འགུལ་གྱི་གནོན་འཚེ་ཕོག་ཁུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ཝང་ཏུང་མིང་དང་ཝེ་ཧུང་གཉིས་སྔ་རྗེས་སུ་ཐེན་ཆོན་རྫོང་དུ་ཕེབས་ནས་རྫོང་གི་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་ལ་རྟོག་ཞིབ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་སྐྲུན་དང་སྤྱི་པའི་ཞབས་ཞུ་བསྐྱར་སྐྲུན། རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན། ཐོན་ལས་བསྐྱར་སྐྲུན། སྐྱེ་ཁམས་བསྐྱར་སྐྲུན་སོགས་ཀྱི་འཕེལ་ཚད་དང་དེ་བཞིན་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཀྱི་རང་སྐྱོང་དང་ལས་ཞུགས། ཡོང་འབབ་འཕར་སྣོན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

ལོ་ངོ་གཉིས་ཀྱི་རིང་ལ། ལུའུ་ཧྲན་ས་ཡོམ་གནོད་འཚེ་ཁུལ་གྱི་ཐོན་ལས་བསྐྱར་སྐྲུནདང་སྐྱེ་ཁམས་བསྐྱར་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་སྤེལ་བཏང་སྟེ། གཙོ་གནད་ཐོན་ལས་རྣམ་གྲངས་ཁག་གཅིག་གམ་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་གཅིག་རྗེས་གཉིས་མཐུན་ངང་བསྐྲུན་ཡོད། ལོ་གཉིས་ཀྱི་དུས་ཚོད་ཐུང་ཐུང་ནང་དུ་སྡོད་གནས་གསར་བ་མང་བོ་ཞིག་འཛུགས་སྐྲུན་བྱས་པ་དང་ཐོན་ལས་འཕེལ་རྒྱས་སུ་བཏང་བ། ཁང་བཟང་ནང་འདུག་ཐུབ་པ་དང་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ། གོམས་སྲོལ་བཟང་བོ་ཞིག་ཆགས་ཐུབ་པ། དར་སྲོལ་བཟང་བོ་ཞིག་ཆགས་པའི་དམིགས་ཡུལ་མངོན་གྱུར་བྱས། གསོན་ཉམས་ལྡན་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ར་འཕྲོད་བྱས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་རླབས་ཆེན་སྟོབས་ཤུགས་ཀུན་ལ་བསྟན། ང་ཚོ་ཚང་མས་ཏང་དང་སྲིད་གཞུང་གི་རོགས་རམ་འོག་མུ་མཐུད་དུ་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་སྒོས། རང་ཉིད་ཀྱི་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འཚོ་བ་ཇེ་ལེགས་སུ་གཏོང་བའི་རེ་བ་ཡོད།

ཚེས་21ཉིན་གྱི་སྔ་དྲོར་འཚོགས་པའི་ཞིང་ཆེན་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏུ། གཡག་རྔ་གྲོང་ཁྱེར་དང་། ཁྲེན་ཏུའུ་གྲོང་ཁྱེར། ཞིང་ཆེན་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་དང་ལས་ཀའི་ཚོགས་ཆུང་7གྱིས་སོ་སོར་སྙན་ཞུ་ཕུལ་བ་དང་ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསུང་བཤད་གནང་།

ཞིང་ཆེན་གྱི་འགོ་ཁྲིད་ལི་ཏེང་ཅུས་དང་། ཝང་ཡན་ཧྥེ། ལི་ཁྲང་ཕེང་། བོས་ཅིང་ཕེང་། བང་ནེན། ཧང་ཡན་རོང་། ཆི་མུ་ཧྲི་ཧ། གན་ལིན་རྣམས་ཚོགས་འདུར་ཞུགས་པ་དང་། གནོན་འཚེ་ཚབས་ཆེན་ཕོག་པའི་གྲོང་ཁྱེར་དང་རྫོང་།(གྲོང་ཁྱེར་དང་ཁུལ།) ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་(ལས་ཁུངས།)འགན་འཁུར་མི་སྣ་སོགས་ཚོགས་འདུར་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1