འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཡོ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་དྲུག་གི ཞི་ལཱའི་སྐོར་ཐེངས་གསུམ་པའི་རོགས་སྐྱོར་གྲོས་མཐུན་ལ་ཆོག་མཆན་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-20


      འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་ཚེས་བཅུ་དགུའི་ཉིན་དམིགས་བསལ་གྲོས་ཚོགས་སྟེང་། འདེམ་ཤོག་བཞི་བརྒྱ་དང་ང་བཞི་འཐད་པ་བྱུང་བའི་མཇུག་འབྲས་ཀྱིས་ཞི་ལཱའི་སྐོར་ཐེངས་གསུམ་པའི་རོགས་སྐྱོར་གྲོས་མཐུན་ལ་གྲོས་འཆམ་བྱུང་། གྲོས་མཐུན་དེས་ཞི་ལཱ་རྒྱལ་ཁབ་ལ་སྤྱིའི་འབོར་གྲངས་ཡོ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་དྲུག་ཡིན་པའི་རོགས་སྐྱོར་ཇུས་གཞི་འདོན་སྤྲོད་བྱེད་རྒྱུ་རེད།

      ཐེངས་འདིའི་འདེམ་ཤོག་འཕང་བའི་མཇུག་འབྲས་ཁྲོད། འདེམ་ཤོག་བརྒྱ་དང་བཅུ་གསུམ་གྱིས་ངོ་རྒོལ་བྱས་པ་དང་། གཞན་ཡང་འདེམ་ཤོག་བཅོ་བརྒྱད་ཀྱིས་དབང་ཆ་བསྐྱུར་བ་རེད། འཇར་མན་གྱི་སྲིད་འཛིན་ཏང་ཁག་གཙོ་བོ། ཙུང་ལི་མའོ་ཁི་ཨར་ཡོད་སའི་མཉམ་འབྲེལ་ཏང་གི་ནང་ནས། གྲོས་མི་མང་ཤས་ཀྱིས་ཞི་ལཱ་ལ་སྐོར་ཐེངས་གསུམ་པའི་རོགས་སྐྱོར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱང་། གྲོས་མི་ཁག་ཅིག་གིས་ངོ་རྒོལ་བྱེད་པ་རེད། མནའ་འབྲེལ་ཏང་གི་གྲོས་མི་ང་དྲུག་གིས་ཚེས་བཅོ་བརྒྱད་ཉིན་མངོན་གསལ་གྱིས་བསྟན་དོན། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་འདེམ་ཤོག་འཕེན་པར་ངོ་རྒོལ་བྱེད་པ་ཡིན་ཟེར། དེའི་སྔོན་འཇར་མན་གྱི་ནོར་སྲིད་བློན་ཆེན་སུའུ་དབྱེ་པུའུ་ལེ་ཡིས་སྲིད་གཞུང་གི་གསལ་སྒྲོག་སྤེལ་ཏེ། ཞི་ལཱའི་སྐོར་ཐེངས་གསུམ་པའི་རོགས་སྐྱོར་གྲོས་མཐུན་དེ་ཞི་ལཱའི་ཁེ་ཕན་དང་འཚམ་པར་མ་ཟད། ཡོ་རོབ་གླིང་གི་ཁེ་ཕན་དང་ཡང་འཚམ་པས། གྲོས་མི་ཚོ་ཡིད་འཐད་འབྱུང་དགོས་པའི་འབོད་སྐུལ་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1