༄༅།། རིགས་གསུམ་མགོན་པའི་བླ་མཚོ།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས། ཝེ་ཁེ་རིག་མཛོད། སྤེལ་དུས། 09-08


  དཔལ་འབར་རྫོང་ནས། བོད་ཤར་ཕྱོགས་ཆབ་མདོ་ས་ཁུལ་གྱི་མངའ་ཁོངས་སུ་ཡོད་པའི། ཕུ་ཡུལ་ཤང་དུ་རིགས་གསུམ་མགོན་པོའི་བླ་མཚོ་གསུམ་ཡོད་པ་ལས། མཚོ་དཀར་པོ་སྤྱན་རས་གཟིགས་ཀྱི་བླ་མཚོ། སེར་པོ་འཇམ་དཔལ་དབྱངས་ཀྱི་བླ་མཚོ། ནག་པོ་ཕྱག་ན་རྡོ་རྗེའི་བླ་མཚོ་ཞེས། ངོ་མཚར་ཅན་གྱི་མཚོ་གསུམ་ཡོད་པ་དེ། ལོ་རྒྱུས་ཐོག་ཆུ་ལ་རང་བྱུང་གི་ཚོན་ཁྲ་ཡོད་པའི་མཚོ་དེ། རྒྱལ་སྤྱིའི་ཐོག་ཨང་དང་པོ་དེ་ཡིན། གཞན་ཡང་རྔོད་པ་ཤང་ཞེས་པ་དེ། གང་བ་ཕུག་མོ་ཞེས་པའི་དབྱར་དགུན་དུས་བཞིར། ལོ་ངོ་སྟོང་ཕྲག་དུ་མའི་གངས་རྒན་དེ་དག་དཀར་ཞིང་བརྗིད་ལ་མཐོ་ཞིང་རྔམས། གངས་འདབས་ན་སྔོ་ལྗང་ཅན་གྱིས་སྤངས་ལྗོངས་དང་ནག་ཚལ་མཛེས་ཤིང་ཉམས་དགའ་བ་དེ་དག། དངོས་སུ་སླེབ་ན་མ་གཏོག་བཤད་ན་ཡིད་ཆེས་དཀའ་བའི་མཛེས་ལྗོངས་ཤིན་ཏུ་མང་པོ་ཡོད། ས་སྟེང་ཤང་རྐེ་ཉིན་གྲོང་གི་མཛེས་ལྗོངས་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་རྒྱ་མོ་རྔུལ་ཆུས་ཡོངས་སུ་བསྐོར་ནས། མ་དཔྱད་ནས་བལྟས་ན། རྐེ་ཉིན་གྲོང་དེ་མཛེས་སྡུག་ལྡན་པའི་རྒྱ་མཚོའི་གླིང་ཕྲན་ཞིག་གི་དཀྱིལ་དུ་ཆགས་པ་ལྟར་དབྱེར་མ་མཆིས། ཉི་ཤར་སྤྲུལ་སྐུ་དམ་ཆོས་རིན་པོ་ཆེའི་འཁྲུངས་ཡུལ་ཡང་འདི་གར་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1