ཨ་རིའི་ཉིའུ་ཡོག་སྐབས་དོན་ཚགས་པར་དུ་དཔེ་དེབ་མཚམས་སྦྱོར་བརྡ་ཁྱབ་ཆེན་མོ་འགོད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་མཚམས་འདྲི་གནང་བར་དགའ་བསུ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-09


    

  སྤྱི་ཟླ་9པའི་ཚེས་7ཉིན། ཨ་རིའི་ཉིའུ་ཡོག་སྐབས་དོན་ཚགས་པར་གྱི་པར་ངོས་ལྔ་པའི་སྟེང་དུ་ཧྲིལ་ཤོག་ཚོན་ལྡན་གྱི་མཚམས་སྦྱོར་བརྡ་ཁྱབ་བཏོན་ཏེ། ཞི་ཅིན་ཕིང་གི་དུས་རབས་དང་ཞི་ལགས་ཀྱི་གསུང་རབ་ཅི་ལྟར་ཀློག་དགོས་འཆད་པ་ཞེས་པའི་དབྱིན་ཡིག་དཔེ་དེབ་གཉིས་ལ་འོས་སྦྱོར་བྱས་ཡོད། 

  ཞི་ཅིན་ཕིང་གི་དུས་རབས་དང་ཞི་ལགས་ཀྱིས་གསུང་རབ་ཅི་ལྟར་ཀློག་དགོས་ཞེས་པའི་དཔེ་དེབ་གཉིས་ནི་པེ་ཅིང་དུས་རབས་རྒྱ་སྐད་དཔེ་དེབ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གིས་ཨ་རིར་བཙུགས་པའི་མ་ལག་ཀུང་སི་སྟེ་ཨ་རི་དུས་རབས་པར་སྐྲུན་ཁང་གིས་པར་སྐྲུན་བྱས། དེ་ལས་ཞི་ཅིན་ཕིང་གི་དུས་རབས་ཞེས་པའི་དཔེ་དེབ་ནང་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་སྲིད་ཞུགས་བརྒྱུད་རིམ་དང་། ཀྲུང་གོའི་ཕུགས་འདུན། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་ཡོད་པ་དང་། བསྡོམས་པས་ཤོག་གྲངས་600ཙམ་ཡོད། 

  པེ་ཅིང་དུས་རབས་རྒྱ་སྐད་དཔེ་དེབ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ཀྲུའུ་ཏྰ་ཕིང་གིས་བཤད་པ་ལྟར་ན། ཨ་རིའི་གཙོ་ཁྲིད་འཕྲིན་སྦྱོར་ཁག་གིས་ཀྲུང་གོའི་འཕེལ་རྒྱས་ལ་དོ་སྣང་མི་བྱེད་ལ། ཀྲུང་གོའི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མཐོ་བཤད་དམའ་བཤད་བྱེད་དེ། ཀྲུང་གོའི་འཇིག་སྐུལ་དང་ཀྲུང་གོའི་ཆག་འཇིག་སོགས་ཀྱི་འཛེར་སྒྲ་ལས་ཨ་རིའི་སྤྱི་ཚོགས་ཀྱིས་ཡང་དག་པའི་སྒོས་ང་ཚོར་ངོས་འཛིན་བྱེད་པར་འགོག་རྐྱེན་ཚབ་ཆེན་བཟོས། ཁོང་གི་དགོངས་འཆར་ལྟར་ན། ངེས་པར་ཏུ་ཀྲུང་གོའི་གཏམ་རྒྱུད་སྒྲོག་སྤེལ་ནན་མོ་བྱེད་དེ། ཨ་རི་སྤྱི་ཚོགས་ཀྱིས་ད་གཟོད་ཀྲུང་གོར་རྒྱུས་ལོན་ཟབ་མོ་ཞིག་ཡོད་སྲིད་ཅིང་། ཕྱོགས་ཞེན་དང་ནོར་འཁྲུལ་གྱི་ལྟ་སྟངས་ཉུང་འཕྲི་བྱེད་ཐུབ། 

  ཀྲུའུ་ཏྰ་ཕིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་འཚམས་འདྲི་མ་བྱེད་སྔོན་དཔེ་དེབ་འདི་འོས་སྦྱོར་བྱེད་ནས། ཨ་རིའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོ་དག་ལ་ཕྱོགས་ཡོངས་ནས་ཀྲུང་གོའི་ཕུགས་འདུན་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག དེ་མིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་གཞིའི་སྤུས་ཚད་དང་ཇུས་ཐབས་གཅོད་པའི་ཉམས་འགྱུར་ལ་རྒྱུས་ལོན་བྱེད་པར་བརྒྱུད། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་མཉམ་འདྲེས་ལ་ཕན་ཐོགས་ཆེན་པོ་ཡོད། ཁོས་བཤད་རྒྱུར། འཇོན་ནུས་ཅན་ལ་ཤུགས་རྐྱེན་བཞག་སྟེ། ཨ་རིའི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་བོ་དང་རིག་མཛོད་རྣམས་ལ་ཀྲུང་གོའི་འཕེལ་རྒྱས་འཐབ་ཇུས་ལ་རྒྱུས་ལོན་གང་ཐུབ་བྱེད་པ་ནི་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་དཔེ་གསར་ཅན་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1