ཆི་ལིའི་ནུབ་རྒྱུད་ཀྱི་མཚོ་འགྲམ་ལ་ཚད་རིམ་8.3གྱི་ས་འགུལ་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-17


    

  སྤྱི་ཟླ་9པའི་ཚེས་17ཉིན་ཨ་རིའི་ས་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། པེ་ཅིང་དུས་ཚོད་ཀྱི་ཚེས་17ཉིན་གྱི་ཆུ་ཚོད་6དང་སྐར་མ་54ཡི་སྟེང་ཆི་ལིའི་ནུབ་རྒྱུད་ཀྱི་མཚོ་འགྲམ་དུ་ཚད་རིམ་8.3ཅན་གྱི་ས་འགུལ་བྱུང་། 

  འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་12.5དང་འགུལ་ལྟེ་ཡེ་ལཱ་ཕེར་དང་བར་ཐག་སྤྱི་ལེ་55ཡོད་ལ། ཞི་བདེ་རྒྱ་མཚོའི་མཚོ་འཕྱུར་ཉེན་འགོག་ལྟེ་གནས་ནས་གཞི་རྒྱ་ཆེ་བའི་མཚོ་འཕྱུར་བའི་ཉེན་ཁ་ཡོད་པའི་གསལ་བརྡ་བསྒྲགས།

  ཉེ་སྔོན། ས་གཤིས་རྟོག་དཔྱད་ཁང་གིས་ཆི་ལིའི་ནུབ་རྒྱུད་དུ་ས་འགུལ་ཆེན་པོ་ཐེངས་གཉིས་བསྟུད་མར་བྱུང་ཡོད་ཅེས་བསྒྲགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1