མེག་སི་ཁོ་རུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་པར་རིས་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-24


   

    སྤྱི་ཟླ་9 ཚེས་22 ཉིན། ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པར་དྲན་གསོ་ཞུ་བའི་རླབས་ཆེན་གྱི་རྒྱལ་ཁ་དང་ལོ་རྒྱུས་ཀྱི་ལེགས་སྐྱེས་ཞེས་པའི་པར་རིས་འགྲེམ་སྟོན་དེ་མེག་སི་ཁོའི་གཞུང་བཙུགས་རང་སྐྱོང་སློབ་ཆེན་དུ་དངོས་སུ་སྤེལ་འགོ་ཚུགས། མེག་སི་ཁོ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཆོས་ཤོ་ཆེས་དང་མོ་ཞི་ཁོའི་ལས་རིགས་ཁག་གི་གྲོགས་པོ་བརྒྱ་ཙམ་ཐུན་མོང་ཐོག་ཚོགས་འདུར་ཞུགས། 

   རྒྱུས་ལོན་བྱས་པ་ལྟར་ན། པར་རིས་འགྲེམ་སྟོན་དེ་ཁག་བརྒྱད་དུ་དབྱེ་ནས་ལོ་རྒྱུས་ཀྱི་པར་རིས་130འགྲེམ་སྟོན་བྱས་ཡོད། སི་ཕེན་སྐད་ཀྱིས་གསལ་བཤད་ཞིབ་ཅིང་ཕྲ་བའི་ངང་ནས་བཀོད་སྒྲིག་བྱས་ཡོད། གསོན་ཉམས་ལྡན་པའི་ངང་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བརྒྱུད་རིམ་མངོན་པར་བྱས་ཡོད། 
   ཆོས་ཤོ་ཆེས་གྱིས་ཤིས་ཚིག་ནང་དུ། ཀྲུང་གོའི་འཇར་འགོག་དམག་འཁྲུག་གི་དུས་ནི་ཆེས་སྔ་ཤོས་ཡིན་པར་མ་ཟད་དུས་ཚོད་ཆེས་རིང་ཤོས་ཀྱང་ཡིན། མི་རིགས་ཀྱི་བློས་གཏོང་ཆེས་ཚབས་ཆེ་ཤོས་དེ་ཡང་ཡིན། འཇར་པན་བཙན་འཛུལ་པ་རྩ་མེད་ཤུལ་མེད་དུ་འགྲོ་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པར་མ་ཟད་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྲུབ་པ་ལ་སྐུལ་འདེད་བཏང་ཡོད། ནུས་ཤུགས་ཡོད་རྒུས་ངང་ནས་ཡོ་རོབ་ཀྱི་གཡུལ་ས་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གཡུལ་སར་བྱ་སྤྱོད་ལ་གཞོགས་འདེགས་བྱས་ཡོད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་བཞག་ཡོད། པར་རིས་འགྲེམ་སྟོན་གཉེར་བ་ནི་མི་རྣམས་ཀྱིས་ཞི་བདེར་རེ་སྨོན་ཟམ་མི་ཆད་པར་འབོད་སྐུལ་བྱེད་ཆེད་ཡིན་པར་མ་ཟད་དྲང་བདེན་གྱི་བརྟན་སྲུང་བྱེད་ཐབས་ཤིག་ཀྱང་ཡིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1