མིག་རྒྱང་རིང་བའི་ཨ་ཀྲུང་གི་འབྲེལ་བ།(རྒྱལ་སྤྱིའི་གླེང་སྟེགས།)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


  ཨ་ཀྲུང་ཕྱོགས་གཉིས་པོའི་བར་ན་མི་མཚུངས་པའི་གནས་མང་བ་རེད། རྒྱལ་ཁབ་གཉིས་པོའི་དར་རྒྱས་ཡིན་པར་ཕྱོགས་གཉིས་ཀར་ཕན་པ་སྐྲུན་པ་དང་། དཔལ་འབྱོར་གྱི་འབྲེལ་བ་དམ་ཟབ་ཡོད་རྐྱེན། རྒྱལ་ཁབ་གཅིག་ཁོ་ནར་རྒྱལ་ཁ་ནི་གཏན་ནས་ཐོབ་མི་སྲིད།
  མིག་སྔར། ཨ་རིའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་གྱིས་ཨ་ཀྲུང་གི་འབྲེལ་བར་སྐྱོ་སྣང་གི་རྣམ་འགྱུར་སྟོན་བཞིན་འདུག  ང་ཚོས་མཐོང་དགོས་པ་ཞིག་ནི་སྐྱོ་སྣང་གི་ལྟ་ཚུལ་དེ་རིགས་ནི་གནོད་པ་ཡོད་པ་རེད། གང་ཡིན་ཟེར་ན། ལྟ་ཚུལ་འདི་དག་ནི་གོ་ནོར་དང་། ལས་སླ། དེ་བཞིན་ནོར་འཁྲུལ་རབ་དང་རིམ་པའི་ཚོད་དཔག་ཐོག་ནས་བཙུགས་པ་ཞིག་རེད། གལ་ཏེ་ང་ཚོས་ཀྲུང་ཨའི་བར་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་རྒྱུ་ཡིན་པ་ལས་འཇམ་འཐབ་གསར་པ་མ་ཡིན་ན་ང་ཚོས་ངེས་པར་དུ་མཁས་པ་དེ་དག་གི་བསྡོམས་ཚིག་ནོར་འཁྲུལ་ཡིན་པ་ངོས་འཛིན་དགོས།
  ཕྱི་རྒྱལ་གྱི་ཀྲུང་གོའི་ལྟ་ཞིབ་པ་ཚོས་རྒྱུན་དུ་ཀྲུང་གོས་ནང་སྲིད་དང་ཕྱི་འབྲེལ་ཐད་སྔར་བས་ཕར་རྒོལ་གྱི་ནུས་པ་ཆེན་པོ་ལྡན་པར་སྐྱོན་བརྗོད་བྱེད་བཞིན་ཡོད། ལྟ་ཚུལ་དེ་རིགས་ནི་གོ་ནོར་ཐེབས་པ་རེད། དེ་ནི་སྐྱོན་བརྗོད་མཁན་གྱི་ཀླད་པ་གཅིག་པུའི་ནང་ཡོད་པའི་བྱ་དངོས་གང་ཞིག་ལྟར་ལས། དངོས་ཡོད་ཀྱི་འཇིག་རྟེན་ནང་ཡོད་པ་མིན་པའི་གཟུགས་བརྙན་རྫུན་མ་རེད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ནི་ནོར་འཁྲུལ་གྱི་ལྟ་བས་མི་རྣམས་ལ་ཁྲིད་སྟོན་བྱས་ཏེ་ནོར་འཁྲུལ་གྱི་བྱ་སྤྱོད་སྤྱོད་པར་བསྒྱུར་ངེས། བདག་ལ་ཡིད་ཆེས་ཡོད་པ་ནི་གོ་བ་ཡང་དག་ལེན་པའི་ཐབས་ཤེས་ཡག་ཤོས་ནི་སྟོབས་དང་ལྡན་པའི་དཔང་རྟགས་འདོན་ཐུབ་རྒྱུ་དེ་རེད།
  རྒྱལ་སྤྱིའི་ཐོག་ནས། ཀྲུང་གོའི་ཁུལ་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དེ་ལ་དོགས་པ་ཡོད། ཀྲུང་གོས་དེའི་དམིགས་ཡུལ་ནི་ས་ཁུལ་ཚོད་འཛིན་བྱེད་པ་རེད་འདོད། འོན་ཀྱང་ཤེས་དགོས་པ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམ་སྤོར་གྱིས་གོ་ལ་ཧྲིལ་པོའི་བརྟན་ལྷིང་ལ་སྐུལ་འདེད་གཏང་ཐུབ། འོན་ཀྱང་རྒྱལ་ཁབ་དེ་དག་རྟག་པར་ཧ་ཅང་བརྟན་བརླིང་མ་ཡིན་པས་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱེད་པར་འགྲན་སློང་རང་བཞིན་དང་ཉེན་ཁ་ཡོད་པ་རེད། དེའི་ཕྱིར། ཀྲུང་གོའི་གྲོས་འགོར་བསྔགས་བརྗོད་དང་རྒྱབ་སྐྱོར་ཐོབ་དགོས་པ་ལས་འཕྱ་སྨོད་དང་བཀག་འགོག་བྱ་ས་མི་རུང་། ཀྲུང་གོར་གོ་ལ་ཧྲིལ་པོའི་བརྟན་བརླིང་དགོས་པའི་རྒྱུ་མཚན་ནི་ཀྲུང་གོའི་དཔལ་འབྱོར་གྱིས་རྒྱལ་སྤྱིའི་ཚོང་དོན་ལ་བརྟེན་དགོས་པ་རེད་ལ་ཀྲུང་གོས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་འཚོལ་བའི་ལྟ་བ་ནི་གཏན་ཚིགས་དང་མི་མཐུན་པ་རེད།
  ངའི་བསམ་པར་ངེས་པར་དུ་ཀྲུང་གོས་ཁྲིམས་སྐྱོང་ཐོག་གི་འབད་བརྩོན་དང་དེ་བཞིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་བཞིའི་སྐོར་གྱི་རྒྱས་བཤད་ལ་ལྟ་སྟངས་ཡག་པོ་འཛིན་དགོས། ཀྲུང་གོ་བ་ཆེས་མང་ཆེ་བར་ཞིག་ལ་མཚོན་ན། ཉེ་ཆར་གྱི་ཁྲིམས་འཛིན་སྒྱུར་བཅོས་ནི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། ཁྲིམས་འཛིན་ལ་ནོར་སྲིད་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་ནས་ཁྲིམས་དཔོན་གདམ་གསེས་བསྒྱུར་བཅོས་དང་སྲིད་འཛིན་ཅན་མེད་པར་བཟོ་བ།ས་གནས་རང་བཞིན་མེད་པར་བཟོ་བ་ནས་ཁྲིམས་དཔོན་གྱི་འདྲི་གཅོད་ཀྱི་གཙོ་གཞིའི་གོ་གནས་སྔར་བས་ཁ་གསལ་གཏང་བའི་བར། ཁྲིམས་འཛིན་བསྒྱུར་བཅོས་ཀྱིས་གྱོད་དོན་དྲང་གཞག་འདྲ་མཉམ་གྱི་ཁྲུམས་གཅོད་དང་ཐེ་གཏོགས་བྱས་པར་འགོག་པར་སྐུལ་འདེད་བཏང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིམས་སྐྱོང་ལ་གཞོལ་པ་དང་དེ་བཞིན་སྤྱད་པའི་བསྒྱུར་བཅོས་བྱ་ཐབས་ཞིབ་ཕྲ་ཡིས་ཀྲུང་གོས་ནང་ཁུལ་དུ་མགོ་གནོན་བྱེད་པའི་སྐོར་གྱི་བཤད་ཚུལ་རྫུན་མ་བརླག་པ་རེད། མིག་ལོང་འཁྲུལ་བས་སྐྱོན་བརྗོད་བྱེད་མཁན་གྱིས་ཀྲུང་གོར་ནོར་འཁྲུལ་གྱི་ལྟ་སྟངས་འཛིན་པ་རེད།
  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་འགག་རྩའི་རྒྱལ་དོན་འཚམས་འདྲི་གནང་བཞིན་ཡོད་པ། བདག་ལ་ཡིད་ཆེས་ཡོད་པ་ནི་རྩོད་གཞིའི་གནད་དོན་ཁག་ཅིག་གནས་ནའང་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཨཱོ་པ་མས་་ཕྱོགས་གཉིས་ཀར་འདྲ་ས་དེ་ནི་མི་འདྲ་ས་ལས་མང་བར་མོས་མཐུན་བྱུང་བ་རེད། རྒྱལ་ཁབ་གཉིས་པོའི་ངོས་ནས་བཤད་ན་དཔལ་འབྱོར་བརྟན་པོའི་ངང་འཕར་བ་ནི་ཆེས་གལ་ཆེན་པོ་རེད། ཀྲུང་གོ་དང་ཨ་མེ་རི་ཁའི་དར་རྒྱས་ཀྱིས་ཕྱོགས་གཉིས་ཀར་ཕན་པ་ཐོབ་རྒྱུ་ཡིན་པ། དེ་ལས་ལྡོག་ནའང་དེ་བཞིན་ནོ།ང་ཚོའི་དཔལ་འབྱོར་ལ་འབྲེལ་བ་དམ་ཟབ་ཡོད་པས། རྒྱལ་ཁབ་གཅིག་གི་རྒྱལ་ཁ་ནི་གཏན་ནས་ཡོད་མི་སྲིད། ཕྱོགས་གཉིས་པོས་ད་དུང་ས་ཁུལ་གྱི་དམག་འཁྲུག་བྱེད་མཚམས་འཇོག་རྒྱུ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ། སྒྲིག་འཛུགས་ཡོད་པའི་ཉེས་གསོག རིམས་ནད་སྔོན་འགོག ཚབ་བྱེད་འཐུས་པའི་ནུས་ཁུངས་ལ་སྐུལ་འདེད། ལྗང་མདོག་ལག་རྩལ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་གི་ཚོད་འཛིན་སོགས་ཀྱི་གནད་དོན་ཐད་ཐུན་མོང་གིས་དོ་ཁུར་བྱེད་བཞིན་ཡོད། 
  རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་ནི། ཀྲུང་གོའི་རེ་བ་ནི་ཨ་རིའི་ཀྲུང་གོའི་ཆབ་སྲིད་བརྟན་བརླིང་དང་དཔལ་འབྱོར་འཕེལ་རྒྱས། རྒྱལ་ཁབ་ཀྱི་བདག་དབང་སོགས་ཐད་ནས་ལྟེ་བའི་ཁེ་ཕན་ལ་མཐོང་ཆེན་དང་གནང་བ་དང་འབྲེལ་དང་ལེན་བྱ་རྒྱུ་དེ་རེད།
  བདེ་ཐང་ངང་ཨ་རིའི་བར་གྱི་འབྲེལ་བ་ཇི་ལྟར་བྱས་ནས་འཕེལ་རྒྱས་གཏང་ཐུབ་པ་དང་སྟོབས་ཇེ་ཆེར་གཏང་དགོས་སམ། ཚིག་གཉིས་རགས་དབྱིབས་སྟེ། དྭངས་གསལ་དང་ཕན་ཚུན་མཐུད་པ། ཀྲུང་གོ་དང་ཨ་རིས་རིམ་པ་ཡོད་ཚད་ལ་དབང་བའི་དུས་ཚོད་དང་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་དེའི་ནང་མཐོ་རིམ་འབྲེལ་འདྲིས། དམག་དོན་འབྲེལ་འདྲིས། ཚན་རིག་དང་མཐུན་པའི་མཉམ་ལས། འཐབ་ཇུས་དང་དཔལ་འབྱོར་འབྲེལ་འདྲིས། ཕན་ཚུན་མ་འཇོག་དང་དེ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱ་བའོ། 
  དེང་སྐབས་ཀྱི་འཛམ་གླིང་སྟེང་དུ། དངོས་གནས་ཀྱི་རྩོད་གཞི་ནི་ཆབ་སྲིད་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་དུ་འབྱུང་བ་མིན་ཞིང་།དེ་ནི་ཡང་དེང་རབས་ཅན་དང་དར་རྒྱས་གོང་འཕེལ།བཤུ་གཞོག་གཉའ་གནོན་གྱི་བར་དུ་འབྱུང་བ་ཡིན། མ་གཞི་དེ་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་ལྟ་ཚུལ་མི་མཐུན་པ་གནས་པའི་རྐྱེན་གཙོ་བོ་ཡིན།འོན་ཀྱང་ང་ཚོས་རང་ཉིད་དང་འཛམ་གླིང་ཧྲིལ་པོའི་ཆེད་དུ། ངེས་པར་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གཏིང་ཟབ་ཅན་དུ་གཏོང་དགོས་བའི་རྒྱུ་རྐྱེན་གཙོ་བོ་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1