ཨ་རིའི་ཚན་རིག་པས་རྒྱུ་སྐར་ཆུང་གྲས་ལས་ཆུའི་ཐོན་ཁུངས་སྔོག་འདོན་བྱ་རྩིས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-25


  ཨ་རིའི་བར་སྣང་དྲ་བས་བསྒྲགས་དོན། གལ་ཏེ་རྒྱུ་སྐར་ཆུང་གྲས་ཀྱི་སྟེང་ནས་ཆུའི་ཐོན་ཁུངས་སྔོག་འདོན་བྱེད་པའི་འཆར་གཞི་གསར་པ་དེ་ལག་བསྟར་བྱུང་ཚེ་འབྱུང་འགྱུར་བར་སྣང་དུ་འཕུར་སྐྱོད་བྱེད་པའི་མ་རྩ་ཚད་མཐོན་པོས་ཇེ་ཉུང་དུ་གཏང་ཐུབ་ངེས་ཟེར། མིང་ལ་འོད་རིག་པའི་སྔོག་འདོན་ཞེས་པའི་ལག་རྩལ་དེས་མེ་ལོང་བརྒྱུད་ནས་ཉི་འོད་གཅིག་བསྡུས་བྱ་བ་དང་རྒྱུ་སྐར་ཆུང་གྲས་ཀྱི་སྟེང་ནས་ཆུ་དང་གཞན་པའི་ཡལ་སླ་བའི་དངོས་པོ་སྔོག་འདོན་བྱ་ཐུབ།

  འཆར་གཞི་འདི་ལ་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། དེའི་དམིགས་ཡུལ་ནི་ཐག་ཉེ་བའི་རྒྱུ་སྐར་ཆུང་གྲས་ཀྱི་སྟེང་ནས་ཆུ་ཏུན་100འཚོལ་ལེན་བྱ་རྒྱུ་དེ་རེད། ཆེད་རམས་པས་བཤད་པ་ལྟར་ན་ཆུ་འདི་དག་གིས་ལྟོས་བཅས་ཀྱི་རིན་གོང་དམའ་ཞིང་སྔར་ལས་སྟབས་བདེ་བའི་མཁའ་སྐྱོད་འཕྲུལ་ཆས་ཀྱི་སྐུལ་འདེད་དངོས་པོ་བྱ་ཆོག་ཟེར།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1