ཝང་ཏུང་མིང་དང་ཀུ་ཤུ་སྤྱི་གཉེར་ཁང་གི་སྤྱི་གཅོད་པ་ཁུ་ཁེ་རྣམ་གཉིས་ཀྱིས་ལས་ཀའི་སྐོར་ནས་གསུང་གླེང་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-27


  ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་9པའི་ཚེས་24ཉིན་གྱི་སྔ་དྲོར། ཨ་རི་རུ་རྟོག་ཞིབ་འཚམས་འདྲི་གནང་བཞིན་པའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ཁྲིད་ནས་ཀུ་ཤུ་སྤྱི་གཉེར་ཁང་གི་སྤྱི་ཁྱབ་པུའུ་རུ་རྟོག་ཞིབ་གནང་བར་ཕེབས་པ་དང་། སྤྱི་གཅོད་པ་ཁུ་ཁེ་སོགས་ཀུ་ཤུ་སྤྱི་གཉེར་ཁང་གི་མཐོ་རིམ་བར་ལས་ཀའི་སྐོར་ནས་གསུང་གླེང་གནང་།
  ཝང་ཏུང་མིང་གིས་བསྟན་དོན། ཀུ་ཤུ་སྤྱི་གཉེར་ཁང་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་མཐོ་རིམ་ཚན་རྩལ་གྱི་ཁེ་ལས་ཡིན་པའི་ཆ་ནས། གསར་གཏོད་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་ནུས་པ་མངོན་གསལ་དོད་པ་དང་། རིག་ནུས་ལག་ཐོགས་ཁ་པར་རབ་གྲས་དང་ངོས་ལེབ་གློག་ཀླད་ཀྱི་ཞིབ་འཇུག་གསར་སྤེལ་ལམ་བཟོ་སྐྲུན། ཉེར་སྤྱོད་མཉེན་ཆས་གསར་སྤེལ་དང་ཆ་འཕྲིན་ཞབས་ཞུ་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་ལས་རིགས་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་སྣེ་ཁྲིད་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ལ། ཀུ་ཤུ་སྤྱི་གཉེར་ཁང་དང་སི་ཁྲོན་བར་རིག་ནུས་མཐུད་སྣེའི་ཐོན་རྫས་ཐོན་སྐྱེད། བྲིན་འཚོང་།ཞབས་ཞུ་དང་ནུས་ཁུངས་གསར་པའི་རྣམ་གྲངས་ཀྱི་བཀོད་སྒྲིག་སོགས་ཀྱི་ཐད་ནས་མཉམ་ལས་ཅུང་དམ་པོ་ཡོད། འདི་ཡིས་ཕྱོགས་གཉིས་ཀས་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྨང་གཞི་བརྟན་པོ་བཏིང་ཡོད།
   ཝང་ཏུང་མིང་གིས་གསུང་རྒྱུར། མིག་སྔར། ཆ་འཕྲིན་ཐོན་ལས་ཀྱིས་ཐོན་ལས་གཞན་དག་ལ་ཐོན་པའི་ཁྲིད་སྟོན། སྐུལ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་སྔར་བས་མངོན་གསལ་དུ་འགྱུར་བ་དང་། དེ་ནི་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་གཏོང་བར་སྐུལ་འདེད་ཀྱི་ནུས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ལས་རིགས་མང་ཆེ་བའི་ཐོན་རྫས་གསར་གཏོད་དང་ལག་རྩལ་གསར་གཏོད། དོ་དམ་གསར་གཏོད། ཚོང་ལས་ཀྱི་དཔེ་སྲོལ་གསར་གཏོད་དེ་ཆ་འཕྲིན་ལག་རྩལ་དང་བྲལ་ཐབས་མེད་པ་ཞིག་དུ་གྱུར་ཡོད། ཀུ་ཤུ་སྤྱི་གཉེར་ཁང་གིས་འཛམ་གླིང་གི་ཆ་འཕྲིན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ལྡན།
   སི་ཁྲོན་གྱིས་ཀུ་ཤུ་སྤྱི་གཉེར་ཁང་དང་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་ཡོད་པར་ཧ་ཅང་མཐོང་ཆེན་དང་གཅེས་སྤྲས་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་འབྲེལ་གཏུག་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བྱེད་པ་དང་། དེ་ལས་མང་བའི་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་རེ་བ་ཡོད། དེར་ཀུ་ཤུའི་ཐོན་རྫས་སི་ཁྲོན་ནས་ཐོན་སྐྱེད་བྱེད་པའི་གཞི་ཁྱོན་མུ་མཐུད་དུ་རྒྱ་བསྐྱེད་དང་། དེ་བས་མང་བའི་ཚོང་གཉེར་དྲ་ཚུགས་བཀོད་པ།སི་ཁྲོན་དུ་ཞིབ་སྤེལ་ལྟེ་གནས་དང་གསར་གཏོད་ལྟེ་གནས་འཛུགས་པའི་སྲིད་པའི་རང་བཞིན་ལ་ཧུར་ཐག་སྒོས་བསམ་བློ་གཏོང་བ། གཏིང་ཟབ་སྒོས་སི་ཁྲོན་གྱི་རྒྱལ་ཁབ་ཁྱོན་ཡོངས་གསར་གཏོད་བསྒྱུར་བཅོས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་ཞུགས་པ། མུ་མཐུད་ནས་ནུས་ཁུངས་གཙང་མའི་ཐད་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་སོགས་འདུས་པ་དང་། འབད་བརྩོན་ཧུར་ཐག་བྱས་ཏེ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་ལས་མཐོ་བའི་ཆུ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏང་དགོས།
  ཁུ་ཁེ་ཡིས་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པའི་རྣམ་པ་བསྟན། ཁོས་བཤད་རྒྱུར། ཀུ་ཤུ་སྤྱི་གཉེར་ཁང་གིས་ཐོག་མཐའ་བར་གསུམ་དུ་མུ་མཐུད་ནས་གསར་གཏོད་བྱས་པར་བརྒྱུད། རྒྱུན་མཐུད་དུ་འཛད་སྤྱོད་པའི་བློ་ཡིད་ཚིམས་པའི་གློག་རྡུལ་ཐོན་རྫས་མཁོ་འདོན་བྱས་པ་རེད། ང་ཚོས་ཧ་ཅང་དགའ་སྤྲོའི་ངང་མཐོང་ཐུབ་པ་ནི།
  ཀུ་ཤུ་སྤྱི་གཉེར་ཁང་དང་སི་ཁྲོན་གྱི་མཉམ་ལས་འབྲེལ་བ་བཟང་པོའི་ངང་རྒྱུན་འཁྱོངས་ཐུབ་པ་དང་། སྔ་ས་ནས་སི་ཁྲོན་དུ་ཐོན་སྐྱེད་སྒྲུབ་རིམ་དང་ཚོང་གཉེར་དྲ་ཚུགས་བཀོད་སྒྲིག་བྱས་པ་དང་། ཐོན་སྐྱེད་གཞི་ཁྱོན་ཆེ་ཞིང་ཟོང་བཙོང་ཁེ་འབྲས་བཟང་། དུས་མཚུངས་སུ་ང་ཚོས་ད་དུང་ནུས་ཁུངས་གཙང་མ་དང་སླར་སྐྱེས་ནུས་ཁུངས་ཀྱི་ཐོན་སྐྱེད། ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་ལ་སི་ཁྲོན་དང་ནུས་ལྡན་གྱི་མཉམ་ལས་བྱས་པ་རེད། ཀུ་ཤུ་སྤྱི་གཉེར་ཁང་ལ་མཚོན་ནས་བཤད་ན།
   སི་ཁྲོན་ཞིང་ཆེན་ནི་མཉམ་ལས་རོགས་ཟླ་ཧ་ཅང་ཡག་པོ་ཞིག་ཡིན། ང་ཚོས་སི་ཁྲོན་དང་ཕྱོགས་གང་ཅིའི་ཐད་ནས་སྤེལ་རེས་དང་མཉམ་ལས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་འདོད་པ་དང་། དགེ་མཚན་ལྡན་པའི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་འབད་བརྩོན་བྱ་དགོས། གསུང་གླེང་ཁྲོད་དུ། ཕྱོགས་གཉིས་པོས་ད་དུང་ཀྲུང་གོ་དང་སི་ཁྲོན་གྱི་མིག་སྔའི་དཔལ་འབྱོར་གོང་འཕེལ་གྱི་གནས་བབས་དང་། ཐོན་ལས་རྣམ་སྒྱུར་རིམ་སྤར། ནུས་ཁུངས་གཙང་མ་དང་ཐཱན་དམའི་དཔལ་འབྱོར་གྱི་འཕེལ་རྒྱས་སོགས་ལ་དམིགས་ཏེ་རྒྱ་ཁྱབ་ངང་དཔྱད་བསྡུར་བྱས་པ་དང་། དགོངས་འཆར་བརྗེ་རེས་གནང་། ཀུ་ཤུ་སྤྱི་གཉེར་ཁང་གི་ཤེས་འཇོན་ལྡན་པའི་སྤྱི་གཅོད་པ་གཞོན་པ་ཨ་ལོན་ཚི། བེ་ལེན་མོ་སི་དང་། སྤྱི་གཅོད་པ་གཞོན་པ་ཅེ་ཁེ་ཤུན། པུའུ་ལན་ཏུན། ཀོ་ཅུན་སོགས་ཚོགས་ཞུགས་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1