ཞི་ཅིན་ཕིང་གིས་ནི་ཇེ་རི་ཡའི་སྲིད་འཛིན་པུའུ་ཧཱ་ལི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-29


   

  སྤྱི་ཟླ་9པའི་ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནི་ཇེ་རི་ཡའི་སྲིད་འཛིན་པུའུ་ཧཱ་ལི་དང་མཇལ་འཕྲད་གནང་། 

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ནི་ཇེ་རི་ཡ་ནི་སྲོལ་རྒྱན་གྱི་མཛའ་འབྲེལ་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། མཉམ་ལས་མཉམ་རྒྱལ་རྩ་དོན་ཡིན་པའི་ཀྲུང་གོ་དང་ནི་ཇེ་རི་ཡའི་ཐབས་ཐུས་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན། རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་ནི་ཇེ་རི་ཡའི་མཛའ་མཐུན་འབྲེལ་བའི་ཁ་ཕྱོགས་དམ་པོར་བཟུང་སྟེ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་བའི་ཟུར་ངོས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཇུས་འགོད་དང་སྐུལ་འདེད་གཏང་དགོས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་དཔལ་འབྱོར་ཟབ་སྐོང་གི་ཁྱད་ཆོས་སྔོག་འདོན་དང་། འབད་པ་ཆེན་པོས་དངོས་དོན་གྱི་མཉམ་འབྲེལ་བར་སྟོང་གསར་པ་དང་བགྲོད་ལམ་གསར་པ་གསར་གཏོད་བྱས་ཏེ་ཀྲུང་གོ་དང་ནི་ཇེ་རི་ཡའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏང་དགོས་ཞེས་བསྟན།

  པུའུ་ཧཱ་ལི་ཡིས་ནི་ཇེ་རི་ཡ་ཕྱོགས་ནས་ཀྲུང་གོས་དུས་ཡུན་རིང་པོར་ནི་ཇེ་རི་ཡའི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་འདེགས་གནང་བར་བཀའ་དྲིན་ཞུས། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ནི་ཇེ་རི་ཡའི་ཕྱོགས་སོ་སོའི་མཉམ་ལས་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལ། ཕྱོགས་གཉིས་ཀའི་རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས། ཆུ་གློག་གསར་འདོན་སོགས་ཀྱི་ཁྱབ་ཁོངས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར། ནི་ཇེ་རི་ཡའི་སྲིད་གཞུང་གིས་འབད་པ་ཆེན་པོས་ཀྲུང་གོ་དང་ནི་ཇེ་རི་ཡའི་ཕྱོགས་ཡོངས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་ངེས་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐོ་རིམ་མཉམ་ལས་གླེང་སྟེགས་ལ་ཞུགས་པར་བཀའ་དྲིན་ཞུས་པ་ཡིན་ཞེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1