ཞི་ཅིན་ཕིང་གིས་ཨི་རན་གྱི་སྲིད་འཛིན་ལོའོ་ཧཱ་ནི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-30


  སྤྱི་ཟླ་9པའི་ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉོའུ་ཡོའུ་ནས་ཨི་རན་གྱི་ཙུང་ཐུང་ལོའོ་ཧཱ་ནི་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཀྲུང་གོ་དང་ཨི་རན་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་བཞིན་ཡོད། ལོ་ངོ་40ལྷག་གི་རིང་གི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཁྲོད་ཀྲུང་གོ་དང་ཨི་རན་གྱི་མཛའ་འབྲེལ་དང་མཉམ་ལས་འབྲེལ་བའི་རྨང་གཞི་བརྟན་པོ་ཆགས་འདུག ཉེ་སྔོན། ཨི་རན་དང་ཨི་རན་གྱི་ཉིང་རྡུལ་མཚོན་ཆའི་གནད་དོན་ཐད་ལ་རྒྱལ་ཁབ་དྲུག་པོ་ཕྱོགས་ཡོངས་ནས་གྲོས་མཐུན་བྱུང་ཞིང་། གྲོས་ཆོད་ལག་བསྟར་བྱས་རྗེས་ཨི་རན་གྱི་རྒྱལ་ཕྱིའི་མཉམ་འབྲེལ་གྱི་གོ་སྐབས་ཇེ་མང་དུ་གྱུར་བ་རེད། ཀྲུང་གོ་དང་ཨི་རིན་གྱི་འབྲེལ་བའང་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་ཞིག་ཏུ་སླེབས་ཡོད་ལ། ང་ཚོས་དབྱི་རག་དང་ལྷན་དུ་གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་དུ་ཕྱོགས་གཉིས་ཀྱི་མཛའ་འབྲེལ་དང་དངོས་དོན་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏང་པར་འདོད་ཞེས་བསྟན།

  ལོའོ་ཧཱ་ནི་ཡིས་ཨི་རན་གྱིས་ཨི་རན་དང་ཀྲུང་གོའི་མཛའ་འབྲེལ་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། དུས་སྐབས་གསར་པའི་འོག ང་ཚོས་ཀྲུང་གོའི་མཐོ་རིམ་དང་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ལྷན་དུ་ཚོང་ཟོག་དང་ནུས་ཁོངས་སོགས་ཀྱི་ཁྱབ་ཁོངས་ཀྱི་དུས་ཡུན་རིང་བའི་འཐབ་ཇུས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་གཏང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་གོང་དུ་འཕེལ་བར་སྐུལ་འདེད་གཏང་ངེས། ཕྱོགས་སོ་སོའི་འབད་པའི་འོག་ཨི་རན་གྱིས་ཉིང་རྡུལ་མཚོན་ཆའི་གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ། འདི་ནི་ཕྱོགས་སོ་སོའི་ཁེ་ཕན་དང་མཐུན་ལ་ཨི་རན་གྱི་མཉམ་འབྲེལ་རྒྱ་བསྐྱེད་དུ་གཏོང་བའི་གོ་སྐབས་ཤིག་རེད། ཨི་རན་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་ཉིང་རྡུལ་མཚོན་ཆའི་གྲོས་ཆོད་ལག་བསྟར་བྱ་བར་འགན་སྲུང་བྱ་ངེས་ཞེས་བཤད།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1