སྐབས་གཉིས་པའི་བོད་ཀྱི་བཤམ་སྟོན་འདུ་ཚོགས་ལྷ་སར་གཟབ་རྒྱས་ངང་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-30


   སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་བཤམ་སྟོན་འདུ་ཚོགས་དེ་སྤྱི་ཟླ་9པའི་ཚེས་28 ཉིན་ལྷ་སར་ནས་གཟབ་རྒྱས་ངང་སྤེལ་འགོ་ཚུགས། བཤམ་སྟོན་འདུ་ཚོགས་ཐོག་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། སི་ཁྲོན་དང་བོད་ལྗོངས་མཉམ་དུ་ཆེས་མཛེས་ཤོས་ཀྱི་མཛེས་ལྗོངས་ལམ་ཆེན་བསྐྲུན་ནས་ཐུན་མོང་ཐོག་ས་ཁོངས་ཡུལ་སྐོར་ཐོན་རྫས་གསར་པ་གཏོད། 
   སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་བཤམ་སྟོན་འདུ་ཚོགས་དེ་མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པ་གཙོ་དོན་བྱས་ཏེ་འགྲེམ་ཚོགས་འཁྲབ་སྟོན་དང་གླེང་སྟེགས་གཏམ་བཤད། དངོས་པོ་འགྲེམས་སྟོན། མ་འཇོག་ངོ་འཕྲད་གྲོས་མོལ་སོགས་ཀྱི་རྣམ་པ་བེད་སྤྱད་དེ། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྲོལ་རྒྱུན་རིག་གནས་མངོན་པར་བྱས་ཡོད། 
   ཉེ་བའི་ལོ་ཤས་རིང་རྒྱལ་ལམ་317དང་318 བརྒྱུད་ནས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། 2030 ལོར་སླེབས་སྐབས་སི་ཁྲོན་གྱི་ལམ་ཕྱོགས་བརྒྱུད་ནས་བོད་ལྗོངས་སུ་ཕྱིན་པའི་ཡུལ་སྐོར་བ་ལོ་རེ་ལ་མི་ཁྲི་300ལོན་རྒྱུ་རེད། དེ་བས་སི་ཁྲོན་ནས་རྒྱལ་ལམ་316དང་317འགྲམ་དུ་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་5 དང་། ཡུལ་སྐོར་ལྟེ་གནས་གྲོང་རྡལ་ཆུང་ངུ་24  ཡུལ་སྐོར་ཀྱི་ཁྱད་ལྡན་གྲོང་ཚོ་47 འཛུགས་སྐྲུན་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1