ཡུས་ཀྲེན་ཧྲེང་གིས་ཞིན་ཅིང་གི་སྤྱི་ཚོགས་གཏན་འཇགས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱ་དགོས་པའི་གསུངས་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-02


   

  སྤྱི་ཟླ་9པའི་ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་མི་ཚོགས་པའི་འགན་འཛིན་པ་ཡུས་ཀྲེན་ཧྲེང་གིས་ཚེས་30ཉིན་ཞིན་ཅིང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་སྐབས་ནན་ཏན་སྒོས་ཐེངས་གཉིས་པའི་ཀྲུང་དབྱང་གི་ཞིན་ཅིང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དང་། གོམ་གང་མདུན་སྤོས་ཀྱིས་བསམ་བློ་དང་ལག་ལེན་ཀྲུང་དབྱང་གི་ཐབས་ཇུས་སྟེང་གཅིག་ཏུ་བསྡུ་པ། ཞིན་ཅིང་གི་སྤྱི་ཚོགས་གཏན་འཇགས་དང་ཡུན་རིང་བདེ་འགོད་ཡོང་བ་དམིགས་ཡུལ་དུ་བཟུང་ནས་ཁྲིམས་ལྟར་ཞིན་ཅིང་སྐྱོང་བ་དང་མཐུན་སྒྲིལ་གཏན་འཇགས་ཡོང་བ། ཡུན་རིང་ཞིན་ཅིང་འཛུགས་སྐྲུན་བྱ་དགོས་པ་དང་། འཆམ་མཐུན་དང་ཕྱུག་འགྱུར། སྤྲོ་སྐྱིད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིན་ཅིང་འཛུགས་སྐྲུན་བྱ་པར་འབད་པ་བྱ་དགོས་ཞེས་བསྟན།

  ཡུས་ཀྲེན་ཧྲེང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་དེ་ཡུ་གུར་རང་སྐྱོང་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པར་འཚམས་འདྲི་དང་གུས་འདུད་ཞུས། ཁོང་གིས་རང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འགོར་བའི་རིང་ལ། ལས་རིགས་སོ་སོའི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ། ལྷག་པར་རྒྱལ་ཁབ་ཕྱི་ནང་གི་དགྲ་བོས་གཏོར་བརླག་མཚམས་མ་བཞག་པའི་གནས་ཚུལ་འོག་ང་ཚོས་གཅིག་ལ་གཅིག་བརྟེན་དང་མི་རིགས་སོ་སོ་མཐུན་སྒྲིལ། ཁྲིམས་ཀྱིས་འགན་སྲུང་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཁེ་ཕན་ལ་འགན་སྲུང། མི་རིགས་མཐུན་སྒྲིལ་ལ་འགན་སྲུང་། རྒྱལ་ཁབ་གཅིག་གྱུར་ལ་འགན་སྲུང་། ཁྲིམས་ལྟར་“སྟོབས་ཤུགས་རིགས་གསུམ”ངོ་རྒོལ་བྱས་ཏེ་སྤྱི་ཚོགས་བརྟན་འཇགས་ཡོང་བར་རྒྱུན་འཁྱོངས་བྱས་ཡོད། གྲུབ་འབྲས་འདི་དག་ནི་ཏང་ཀྲུང་དབྱང་གི་དབུ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར། ཞིན་ཅིང་གི་རིགས་སོ་སོའི་ལས་བྱེད་པ་དང་དམངས་ཚོགས་ཀྱི་འབད་པས་བསྐྲུན་པ་ཡིན་ལ། དེ་ཁྲོད་དུ་རང་སྐྱོང་ལྗོངས་ཀྱི་སྐབས་སྔོན་མའི་འགོ་ཁྲིད་རིམ་བྱུང་གི་བློ་གྲོས་དང་རྔུལ་ཁྲག་ཀྱང་འདུས་པ་རེད་ཅེས་གསུངས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1