ཁྲེན་ཏུའུ་ཐེན་ཧྥུའུ་ཐང་ཆེན་དུ་མི་ཆིག་སྟོང་ལྷག་གིས་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-02


  

  ཟླ་10པའི་ཚེས་1ཉིན། ས་གནས་ཁག་གི་མང་ཚོགས་མི་1000ལྷག་ཁྲེན་ཏུའུ་ཐེན་ཧྥུའུ་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་66འཁོར་བར་རྟེན་འབྲེལ་ཞུས།

དུས་ཚོད་6དང་སྐར་མ་58སྟེང་། དྲག་ཆས་ཉེན་རྟོག་ཁྲེན་ཏུའུ་ཡན་ལག་རུ་ཁག་གི་སྤོས་ལྡན་གྲོང་གི་རྒྱལ་དར་སྲུང་སྐྱོང་རུ་ཁག་གི་རུ་མི་36གིས་ལག་ཏུ་མེ་མདའ་བཟུང་ནས། གོམ་སྟབས་བརྟན་པོའི་སྒོ་ནས་རྒྱལ་དར་སྒྲེང་སའི་སྟེགས་བུའི་ཕྱོགས་སུ་སྐྱོད་པ་རེད། དུས་ཚོད་6དང་སྐར་མ་59ཡི་སྟེང་། ཡུལ་དངོས་ཀྱི་མང་ཚོགས་ཚོས་མཉམ་དུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་དང་འགྲོགས་ཏེ། སྐར་ལྔའི་དར་དམར་གྱིས་ཞོགས་པའི་མཚམས་སྤྲིན་བསུས་ནས་ག་ལེ་ཡར་བསྒྲེངས།

  དུས་ཚོད་7གྱི་སྟེང་། སྐར་ལྔའི་དར་དམར་དར་ཤིང་གི་རྩེ་མོར་སླེབས་ཤིང་། ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་དགའ་འབོད་བྱས། མང་ཚོགས་ཀྱིས་ལག་ནང་གི་རྒྱལ་དར་གཡུག་བཞིན་སྐད་གསེང་མཐོན་པོས་མེས་རྒྱལ་ཨ་མའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སྟོབས་འབྱོར་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུས།

  ཞོགས་རླུང་གཡུག་བྱུང་། གཟི་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཐེན་ཧྥུའུ་ཐང་ཆེན་དུ་རླུང་གིས་དལ་བུར་གཡོ་བ་དང་། མི་རྣམས་ཀྱིས་གཅིག་


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1