ལི་ཁེ་ཆང་གིས་ཁ་པར་གྱི་ལམ་ནས་ལི་ཞན་ལོན་ཡང་བསྐྱར་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-03


 

  སྤྱི་ཟླ་10པའི་ཚེས་1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁ་པར་གྱིས་ལམ་ནས་ལི་ཞན་ལོན་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བསྐྱར་བདམས་བྱས་པར་རྟེན་འབྲེལ་ཞུས།

  ལི་ཁེ་ཆང་གིས་ཀྲུང་གོ་དང་སིང་ཀ་ཕོར་ནི་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ། མཛའ་འབྲེལ་བཙུགས་ནས་ལོ་ངོ་25འགོར་བའི་རིང་ལ་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་ལས་འབྲེལ་བ་གཏིང་ཇེ་ཟབ་ཏུ་སོང་པར་མ་ཟད། དེ་འབྲེལ་གྱི་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་པ་རེད། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་འབྲེལ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་སིང་ཀ་ཕོར་དང་མཉམ་འབྲེལ་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1