བྱིས་སྒྲུང་གི་འཇིག་རྟེན། ---------ལུའོ་དབྱང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-05


 

  སྤྱི་ཟླ་10པའི་ཚེས་4ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། རྒྱལ་སྟོན་དུས་ཆེན་སྐབས་ལུའོ་དབྱང་དུ་ཀྲུང་གོའི་ཞོན་དབྱི་མེ་ཏོག་གཞིས་ཀས་འགན་བསྒྲུབ་མཛད་པའི་སྒྱུ་འཕྲུལ་གྱི་གློག་སྒྲོན་དུས་ཆེན་དེ་ཕྱོགས་སོ་སོ་ནས་ཕེབས་པའི་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཞིག་གི་ངལ་དུབ་གསོ་བའི་གནས་ཚང་དྲོན་མོ་ཞིག་ཏུ་གྱུར། བསྡོམས་རྩིས་བྱས་པ་ལྟར་ན་དུས་ཡུན་ཉིན་གཉིས་ཀྱི་རིང་བསྡོམས་པའི་ཡུལ་སྐོར་བ་ཁྲི་10ལྷག་སྣེ་ལེན་བྱས་པ་རེད།

  འབྲེལ་ཡོད་ལས་མི་ཞིག་གིས་ཐེངས་འདིའི་གློག་སྒྲོན་དུས་ཆེན་དུ་རྒྱན་སྤྲས་ཀྱི་གྲུབ་རྒྱུ་གཙོ་བོར་བཟུང་པ་མ་ཡིན་པར། བརྩེ་དུང་བརྗོད་དོན་དུ་བཟུང་བ་ཡིན། གཙོ་བོ་དྲོད་ཁོལ་གྱིས་ཁེངས་པའི་འཆར་ཡན་གྱི་མཛེས་ལྗོངས་ཤིག་བསྐྲུན་པ་ཡིན་ཞེས་བཤད།

  རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་གློག་སྒྲོན་དུས་ཆེན་འདི་ཟླ་9པའི་26ཚེས་ཉིན་ནས་ཟླ་10པའི་ཚེས་26ཉིན་བར་སྤེལ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1