ལི་ཁེ་ཆང་གིས་རྒྱལ་ཁབ་ཀྲུང་སྨན་དོ་དམ་ཅུས་ལ་འཕྲིན་ཡིག་བཏང་ནས་ཐོའོ་ཡོའུ་ཡོའུ་ལ་2015ལོའི་ནེའུ་པེར་སྐྱེས་ཁམས་རིག་པའམ་གསོ་རིག་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-07


  སྤྱི་ཟླ་10པའི་ཚེས་5 ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ལ་འཕྲིན་ཡིག་བཏང་ནས་ཀྲུང་གོའི་མིང་དུ་གྲགས་པའི་གསོ་བ་རིག་པ་བ་ཐོའོ་ཡོའུ་ཡོའུ་ལ་2015ལོའི་ནེར་པེར་སྐྱེས་ཁམས་རིག་པའམ་གསོ་རིག་གཟེངས་རྟགས་ཐོབ་པར་རྟེན་འབྲེལ་ཞུས།

  ལི་ཁེ་ཆང་གིས་འཕྲིན་ཡིག་ནང་དུས་ཡུན་རིང་བའི་ནང་རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་བྱེད་པ་དང་གསོ་རིག་ཞིབ་འཇུག་པ་དག་གིས་འབད་པ་ལྷུར་ལེན་དང་སྒེར་སེམས་བྲལ་བ། མཐུན་སྒྲིལ་མཉམ་འབྲེལ། སྤོབས་པ་ཆེན་པོས་ཡང་རྩེར་བསྙེག་ནས་ཆུ་ཚད་མཐོ་བའི་གྲུབ་འབྲས་མང་པོ་བླངས་པ་རེད། ཐོའོ་ཡུའུ་ཡུའུ་ལ་ནོའུ་པེར་སྐྱེས་ཁམས་རིག་པའམ་གསོ་རིག་གཟེངས་རྟགས་ཐོབ་པ་ལས་ཀྲུང་གོའི་ཚན་རྩལ་གོང་འཕེལ་དུ་འགྲོ་བཞིན་པ་མཚོན་ལ། ཀྲུང་ལུགས་གསོ་རིག་གིས་མིའི་རིགས་ཀྱི་བདེ་ཐང་ལས་དོན་ཐད་ལ་བཞག་པའི་བླ་མེད་ཀྱི་མཛད་རྗེས་ཀྱང་མཚོན། དེ་མིན་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་གོང་འཕེལ་དུ་འགྲོ་བཞིན་མཚོན་པ་རེད། རྒྱ་ཆེའི་ཚན་རྩལ་ཞིབ་འཇུག་པ་དག་གིས་ནན་ཏན་སྒོས་གསར་གཏོད་ཡར་སྐུལ་གྱི་ཐབས་ཇུས་ལག་བསྟར་དང་། དམངས་ཡོངས་ཀྱི་ལས་སྒོ་གསར་འབྱེ་དང་གསར་གཏོད་ཀྱི་ལས་ཀར་སྐུལ་འདེད་གཏང་སྟེ་ཚན་རྩལ་གྱི་སྔོན་གྲས་སུ་བསྙེག་པ་དང་དཀའ་སྡུག་ལ་གདོང་གཏད་དེ་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་གསར་སྐྲུན་ཅན་གྱི་རྒྱལ་ཁབ་བསྐྲུན་པར་སྔ་ན་མེད་པའི་བྱས་རྗེས་འཇོག་དགོས་ཞེས་བསྟན།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ། རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ལིག་ཡན་ཏོན་གྱིས་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་དང་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ཀྱི་འགན་འཁུར་བློ་མཐུན་མངགས་ཏེ་ཚེས་ལྔའི་དགོང་མོར་ཐོའུ་ཡུའུ་ཡུའུ་ལ་འཚམས་འདྲི་དང་རྟེན་འབྲེལ་ཞུ་རུ་ཕྱིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1