ཨོ་པཱ་མས་ཨ་རིའི་དམག་གིས་ཨབ་གྷན་སི་ཐན་གྱི་སྨན་ཁང་ཞིག་གས་གཏོར་བྱས་པར་དགོངས་དག་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


  

  སྤྱི་ཟླ་10པའི་ཚེས་7ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཨ་རིའི་སྲིད་འཛིན་ཨོ་པཱ་མས་ཚེས་7ཉིན་ཁ་པར་བརྒྱུད་དེ་རྒྱལ་སྤྱིའི་སྨན་བཅོས་མྱུར་སྐྱོབ་རྩ་འཛུགས་ཏེ་ཨ་རིའི་དམག་གིས་ཉིན་འགའི་སྔོན་ལ་གས་གཏོར་བྱས་པའི་ཨ་གྷན་སི་ཐན་གྱི་སྨན་ཁང་ཞིག་སྟེ་རྒྱལ་མཚམས་མེད་པའི་སྨན་པའི་ཚོགས་པར་དགོངས་དག་ཞུས།

  ཕོ་བྲང་དཀར་པོའི་གཏམ་བཤད་པ་ཨོ་ནེའུ་སི་ཐི་ཡིས་ཉིན་དེའི་གསར་འགོད་པའི་ཚོགས་འདུའི་སྟེང་། ཨོ་པཱ་མས་རྒྱལ་མཚམས་མེད་པའི་སྨན་པའི་ཚོགས་པའི་འབྲེལ་ཡོད་རྩ་འཛུགས་ལ་ཁ་པར་བཏང་སྟེ་ཨ་རིའི་རྒྱལ་སྲུང་པུའུ་ཡིས་མིག་སྔར་དོན་རྐྱེན་ཞིབ་དཔྱོད་བྱེད་བཞིན་ཡོད་ཅེས་བསྟན་པ་དང་། དོན་རྐྱེན་བྱུང་བའི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་མངོན་གསལ་དང་དྲང་བདེན་སྒོས་ཐག་གཅོད་བྱ་ངེས་ཞེས་བསྟན།

  གས་གཏོར་བྱུང་བའི་སྨན་ཁང་དེ་ནི་ཨ་གྷན་སི་ཐན་གྱི་བྱང་ཕྱོགས་སུ་ཡོད་པའི་རྒྱལ་མཚམས་མེད་པའི་སྨན་པའི་ཚོགས་པའི་མྱུར་སྐྱོབ་ལྟེ་གནས་ཤིག་ཡིན་ལ། ཐེངས་འདིའི་གས་གཏོར་གྱིས་ལས་བཟོ་བ་12དང་། བྱིས་པ་3འདུ་བའི་བསྡོམས་པའི་གན་པ་10རྐྱེན་ལམ་དུ་ཤོར། རྒྱལ་མཚམས་མེད་པའི་སྨན་པའི་རྩ་འཛུགས་ཀྱིས་གས་གཏོར་ནི་དམག་འཁྲུག་གི་ནག་ཉེས་རེད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1