2020ལོར་སླེབས་སྐབས། སི་ཁྲོན་གྱིས་གྲོང་ཚོ་དབུལ་པོ་11501ཡི་གྲོང་སྡེ་གསར་པ་འཛུགས་སྐྲུན་ལེགས་གྲུབ་བྱ་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


 
     ཉེ་ལམ། ཞིང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་《སི་ཁྲོན་ཞིང་ཆེན་གྱི་གྲོང་སྡེ་གསར་པ་འཛུགས་སྐྲུན་དབུལ་སྐྱོར་གྱི་ཆེད་དམིགས་ཇུས་གཞི》པར་འགྲེམས་བྱས་པ་དང་། གྲོང་སྡེ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཕྱོགས་བསྡུས་ཀྱི་འདྲེན་བྱེད་བྱས་ཏེ། དབུལ་པོའི་དུད་ཚང་གི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་། དུས་མཉམ་དུ་དབུལ་སྐྱོར་གྲོང་གསར་གྱི་སྤྱི་པའི་ཞབས་ཞུ་དང་དོ་དམ་ཆུ་ཚད་མཐོ་རུ་གཏང་དགོས་པ་ཁ་གསལ་བཏོན་ཡོད། 2020ལོར་སླེབས་སྐབས། གྲོང་ཚོ་དབུལ་པོ་11501ཡི་གྲོང་སྡེ་གསར་པ་འཛུགས་སྐྲུན་ལེགས་གྲུབ་བྱ་རྒྱུ་རེད།
     གྲོང་སྡེ་གསར་པ་འཛུགས་སྐྲུན་གྱི་དབུལ་སྐྱོར་བྱ་ཡུལ་གྱི་ཁྱབ་ཁོངས་ནི་ཆིན་པ་རི་ཁུལ་དང་། ཝུའུ་མེང་ཧྲན་རི་ཁུལ། ལའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ། མཐོ་སྒང་བོད་ཁུལ་གྱི་ས་ཁུལ་ཆེན་པོ་བཞིའི་དབུལ་ཕོངས་རྫོང་88གཙོ་གནད་དུ་བཟུང་སྟེ། གཅིག་གྱུར་གྱིས་འཆར་འགོད་འོག་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ས་ཁུལ་གཞན་དག་གི་ཡིག་ཚགས་ནང་གི་དབུལ་པོའི་དུད་ཚང་གི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་གྲོང་ཚོ་དབུལ་པོའི་གྲོང་ཚོ་གསར་པ་འཛུགས་སྐྲུན་ལས་ཀར་སྐུལ་འདེད་གཏང་རྒྱུ་རེད།
     གྲོང་སྡེའི་ཁྱིམ་ཚང་དབུལ་པོའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏང་བའི་ཐད། 2020ལོར་སླེབས་སྐབས་རང་རེའི་ཞིང་ཆེན་གྱིས་ཡིག་ཚགས་བཟོས་པའི་དབུལ་པོའི་དུད་ཚང་ཁྲི་54ཡི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱ་རྒྱུའི་ལས་ཀ་ཁྱོན་ཡོངས་ནས་ལེགས་གྲུབ་བྱ་དགོས།ཁང་པ་འཛུགས་སྐྲུན་དང་ཁང་པ་སྒྱུར་བཀོད་བྱེད་མི་ཐུབ་པའི་དམིགས་བསལ་དཀའ་ངལ་ཆེ་བའི་མང་ཚོགས་ཁྲི་16.65ལ་སྲིད་གཞུང་གིས་གཙོ་ཁྲིད་བྱས་ནས་གྲོང་སྡེའི་ཁང་གླ་ཁེ་བའི་སྡོད་ཁང་མཁོ་འདོན་བྱ་རྒྱུ་རེད། གཞི་རྩའི་ས་འགུལ་གྱི་ཚད་ཏུའུ་8ཡན་ཡིན་པ་འགོག་སྲུང་ཁུལ་བྱེད་དེ་དམིགས་བསལ་གྱིས་སྔོན་ལ་དབུལ་ཕོངས་ས་ཁུལ་གྱི་གྲོང་སྡེའི་སྡོད་ཁང་བཀོད་སྒྲིག་བྱས་ནས་འགུལ་འགོག་སྒྲིག་ཆས་སྒྱུར་བཀོད་ལག་བསྟར་བྱ་དགོས།
     དབུལ་སྐྱོར་གྲོང་གསར་གྱི་སྤྱི་པའི་ཞབས་ཞུ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུའི་ཐད། རང་རེའི་ཞིང་ཆེན་གྱིས་གཅིག་གྱུར་འཆར་འགོད་ཀྱིས་སྒྲིག་བཀོད་ཀྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།འཛུགས་སྐྲུན་གསུམ་དང་སྒྱུར་བཀོད་བཞི་ཞེས་པའི་ཆ་སྒྲིག་ལས་གཞི་དང་1+6ཞེས་པའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། སྔོན་ལ་ཆུ་གློག་གཞུང་ལམ་འཕྲིན་གཏོང་དང་རླུང་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལག་བསྟར་བྱ་དགོས། གྲོང་སྡེའི་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་ལག་བསྟར་བྱས་ནས། སྐྱེ་ཁམས་ཕྲ་ཕུང་ལས་གཞི་གཏོད་པ་དང་། ཡུར་བུ་རྫིང་བུའི་ཁོར་ཡུག་བཅོས་སྒྲིག གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་སྙིགས་རོ་ཐག་གཅོད་དང་ཕྱོགས་བསྡུས་བེད་སྤྱོད་བྱ་དགོས། ལོ་རྒྱུས་ཀྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དབུལ་ཕོངས་ས་ཁུལ་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པའི་རིག་གནས་ར་སྐོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1