སྐབས་བཅུ་དྲུག་པའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སང་ལོའི་ཟླ་10བའི་ནང་ཁྲེན་ཏུའུ་རུ་འཚོགས་རྒྱུ་ཡིན་ལ། འཇར་མན་གྱིས་མགྲོན་གཙོའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


     གསར་འགོད་པས་ཉིན་ཤས་གོང་ནས་སི་ཁྲོན་དངོས་མང་སྟོན་ཚོགས་ལས་དོན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཇར་མན་གྱིས་སང་ལོའི་ཟླ་10བའི་ནང་དུ་ཁྲེན་ཏུའུ་རུ་གཉེར་བའི་སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་མགྲོན་གཙོའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་རེད། སྐབས་ཐོག་ཏུ། འཇར་མན་ཕྱོགས་ཀྱིས་མཐོ་རིམ་འཐུས་མི་ཚོགས་པ་མངགས་གཏོང་བྱས་ནས་ཚོགས་འདུར་ཞུགས་པ་དང་། འཇར་མན་གྱི་འགྲེམས་ཁང་དང་ཁེ་ལས་ཀྱི་འགྲེམས་སྟོན་སྟེགས་བུ་བཙུགས་ནས་ཚོགས་འདུ་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1