ནན་ཅིན་དམར་གསོད་ཆེན་མོའི་ཡིག་ཚགས་དངོས་སུ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་《འཛམ་གླིང་གི་དྲན་ཤེས་ཀྱི་དཀར་ཆག》ཏུ་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


             ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་དགོང་མོར། སྤྱི་ཁྱབ་བཀོད་འདོམས་པུའུ་ཕེ་རིས་སུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་གཞུང་ཕྱོགས་དྲ་ཚིགས་སུ་2015ལོའི་འཛམ་གླིང་གི་དྲན་ཤེས་ཀྱི་དཀར་ཆག་ཁྲོད་གསར་དུ་བཀོད་པའི་རྣམ་གྲངས་མིང་ཐོ་ཁྱབ་བསྒྲགས་བྱས། བསྡོམས་པས་རྣམ་གྲངས་47ཁྲོད། ཀྲུང་གོས་སྙན་ཞུ་བྱས་པའི་ནན་ཅིན་དམར་གསོད་ཆེན་མོའི་ཡིག་ཚགས་དཀར་ཆག་ཏུ་འདུ་ཡོད་དེ། འོན་ཀྱང་འདོད་སྐོང་མའི་ཡིག་ཚགས་བདམས་ཐོན་བྱུང་མེད། 

ད་ལྟའི་བར། འཛམ་གླིང་གི་དྲན་ཤེས་ཀྱི་དཀར་ཆག་ཏུ་བཀོད་པའི་ཡིག་ཚགས་དང་ཡིག་ཚགས་བསྡུས་མའི་ཁྲོད། ཀྲུང་གོའི་ཡིག་ཚགས་10བཀོད་ཡོད། 

             མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་བཀོད་པ་ལྟར་ན། ཀྲུང་གོའི་ནན་ཅིན་དམར་གསོད་ཆེན་མོར་བསྡོམས་པས་ལེའུ་གསུམ་ཡོད་དེ། སོ་སོ་ནི་1937ལོ་ནས་1938ལོའི་བར། འཇར་པན་བཙན་འཛུལ་དམག་གིས་ནན་ཅིན་བཙན་བཟུང་བྱེད་པའི་དུས་སྐབས་སུ་ཀྲུང་གོ་དམག་དམངས་དང་མི་སེར་འཛེམ་བག་མེད་པར་དམར་གསོད་བྱས་པའི་ཡིག་ཚགས་དང་། 1945ལོ་ནས་1947ལོའི་བར་འཇར་པན་གྱི་དམག་འཁྲུག་ཉེས་ཅན་བརྟག་དཔྱད་དང་འདྲི་གཅོད་ཡིག་ཚགས། གཞན་དུ་1952ལོ་ནས་1956ལོའི་བར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྒྲིག་གཞིས་མཁོ་འདོན་བྱས་པའི་ཡིག་ཆ། འོན་ཀྱང་འདོད་སྐོང་མའམ་འཇར་དམག་གི་འདོད་བསྟེན་བྲན་གཡོག་གི་ཡིག་ཚགས་སུ། འདོད་སྐོང་མའི་གནས་ཚུལ་དང་སྡུག་བསྔལ་མྱོང་ཚུལ་ཟིན་བྲིས་སུ་བཀོད་ཡོད། །



རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1