ལི་ཁེ་ཆང་གིས་ཏུར་ཁེ་ཙུང་ལི་ཏཱ་བོ་ཐི་ཨོ་ལོ་ལ་གློག་འཕྲིན་བཏང་སྟེ་ཏུར་ཁེ་ལ་འགས་གཏོར་དོན་རྐྱེན་བྱུང་བར་འཚམས་འདྲི་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


  སྤྱི་ཟླ་10པའི་ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏུར་ཁེ་རྒྱལ་ཁབ་ཀྱི་ཙུང་ལི་ཏཱ་བོ་ཐི་ཨོ་ལོ་ལ་གློག་འཕྲིན་བཏང་སྟེ་འགས་གཏོར་དོན་རྐྱེན་ལས་མི་མང་པོ་རྐྱེན་ལམ་དུ་ཤོར་ཞིང་རྨས་ལྕི་མོ་ཕོག་པར་འཚམས་འདྲི་ཞུས།

  ལི་ཁེ་ཆང་གིས་ཁྱེད་ཅག་གི་རྒྱལ་ས་ཨན་ཁཱ་ལར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་མང་པོ་རྐྱེན་ལམ་དུ་ཤོར་ཞིང་རྨས་ལྕི་མོ་ཕོག་པ་ཐོས་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཤིང་། དེ་མིན་ང་སྒེར་ངོས་ནས་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་ཤིང་རྨས་སྐྱོན་ཕོག་པ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་འཚམས་འདྲི་ཞུས་པ་ཡིན། ཀྲུང་གོའི་ཕྱོགས་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྒོལ་ལན་གཏང་ངེས། ཏུར་ཁེ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་གཏན་འཇགས་ལ་འགན་སྲུང་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱ་བར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1