ལི་ཁེ་ཆང་གིས་གློག་འཕྲིན་བཏང་སྟེ་བལ་པོའི་འགན་ཞུགས་ཙུང་ལི་ཨོ་ལི་ལ་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


  སྤྱི་ཟླ་10པའི་ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ལེ་ཁེ་ཆང་གིས་ཁཱ་ཏི་ཅཱ་ཕོ་ལཱ་ས་ཏི་ཞར་མཱ་ཨོ་ལི་ལ་གློག་འཕྲིན་བཏང་སྟེ་ཁོང་རང་བལ་པོའི་ཙུང་ལིར་འགན་ཞུགས་བྱས་པར་རྟེན་འབྲེལ་ཞུས།

  ལི་ཁེ་ཆང་གིས་གློག་འཕྲིན་ནང་ཀྲུང་གོ་དང་བལ་པོ་གཉིས་ནི་མཛའ་འབྲེལ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་་དང་དུས་ཡུན་རིང་བའི་འབྲེལ་འདྲེས་བརྒྱུད་པའི་མཛའ་མཐུན་རྒྱལ་ཁབ་གཉིས་ཡིན། ཕྱོགས་གཉིས་ཀྱིས་དོ་སྣང་བྱེད་བཞིན་པའི་གནད་གལ་ཆེ་བའི་ལས་དོན་ཐད་ཕན་ཚུན་རྒྱབ་སྐྱོར་དང་བབ་བསྟུན་བྱས་པ་རེད། ཁྱེད་དང་བལ་བོའི་སྲིད་གཞུང་གསར་པའི་སྣེ་ཁྲིད་འོག་བལ་པོའི་རྒྱལ་ཁབ་གཏན་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་ནས་གཡུར་དུ་ཟ་བའི་འབྲས་བུ་ལེན་ཐུབ་པར་ཡིད་ཆེས་ཡོད། ངས་ཁྱེད་དང་ལྷན་དུ་ཀྲུང་གོ་དང་བལ་པོའི་མི་རབས་ནས་མི་རབས་བརྒྱུད་པའི་ཕྱོགས་ཡོངས་ཀྱི་མཛའ་འབྲེལ་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསྙེག་པར་སྐུལ་འདེད་གཏོང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1