ལྷོ་སྣེའི་ཀྲུང་ཧྲན་ས་ཚུགས་སུ་སླར་ཡང་ངོ་མཚར་བརྗིད་ཆགས་ལྡན་པའི་གླིང་སྣེའི་འོད་ཟེར་འཕྲོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13



   ས་གནས་དེ་གའི་དུས་ཚོད་ཟླ་10པའི་ཚེས་10ཉིན་གྱི་སྔ་དྲོར། ཀྲུང་གོའི་ལྷོ་སྣེའི་ཀྲུང་ཧྲན་ས་ཚུགས་ཀྱི་མཁའ་དབྱིངས་སུ་སླར་ཡང་ངོ་མཚར་བརྗིད་ཆགས་ལྡན་པའི་གླིང་སྣེའི་འོད་ཟེར་འཕྲོས། གླིང་སྣེའི་འོད་ཟེར་ནི་སའི་གོ་ལའི་ཁབ་ལེན་འཕྲེད་བཀག་མཐོ་བའི་ས་ཁུལ་གྱི་གཞི་ཁྱོན་ཆེ་བའི་གློག་གཏོང་སྣང་ཚུལ་ཞིག་ཡིན། ཀྲུང་གོའི་ལྷོ་སྣེའི་ཀྲུང་ཧྲན་ས་ཚུགས་ཀྱི་དམིགས་བསལ་གྱི་ས་ཁམས་གནས་བབ་ཀྱི་རྐྱེན་གྱིས། ཉིན་གཅིག་ལ་གླིང་སྣེའི་འོད་ཟེར་ས་ཚུགས་སུ་འཕྲོས་ཐེངས་གཉིས་ལས་བརྒལ་བ་རེད། དེ་ནི་འཛམ་གླིང་ཐོག་གླིང་སྣེའི་འོད་ཟེར་ལ་ལྟ་དཔྱད་ཚད་འཇལ་བྱེད་པའི་ཆེས་མཆོག་ཏུ་གྱུར་པའི་ས་གནས་ཤིག་ཡིན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1