སང་ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་གྱིས་རིན་མེད་བརྒྱད་དང་ཁ་གསབ་བཞི་ལག་བསྟར་བྱ་སྟེ་དབུལ་ཕོངས་མི་གྲངས་ཀྱི་ནད་བཅོས་པའི་དཀའ་ངལ་ཇེ་ཡང་དུ་གཏང་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


         མིག་སྔར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གཉིས་ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་《སི་ཁྲོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དབུལ་སྐྱོར་ཚད་དམིགས་ཇུས་གཞི།》ལས། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དབུལ་སྐྱོར་གྱི་བྱེད་སྒོ་ལྔ་སྤེལ་བ་དང་། རིན་མེད་བརྒྱད་དང་ཁ་གསབ་བཞི་ལག་བསྟར་བྱ་བར་བརྒྱུད། དབུལ་ཕོངས་མི་གྲངས་ཀྱི་སྨན་བཅོས་ཐད་ཀྱི་དཔལ་འབྱོར་དཀའ་ཁག་ཇེ་ཡང་དུ་གཏང་དགོས་པ་གསལ་པོར་བསྟན། 2016ལོ་ནས་བཟུང་། རྫོང་མངའ་ཁོངས་ཀྱི་གཞི་རིམ་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པའི་དབུལ་ཕོངས་མི་གྲངས་ཀྱི་སྐབས་བཅོས་དང་ཚབས་ཆེན་ནད་གཞི་སྨན་ཁང་དུ་སྡོད་པའི་མི་སྒེར་གྱི་སྨན་ཡོན་ཉུང་འཕྲི་བྱས་ནས། མི་སྒེར་གྱི་སྨན་བཅོས་རིན་སྤྲོད་ཚད་བརྒྱ་ཆའི་བཅུ་ནང་ཁུལ་དུ་ཚོད་འཛིན་བྱ་རྒྱུ་རེད། 2020ལོར་སླེབས་དུས། གཞི་རྩའི་ཆ་ནས་རྫོང་ཡོངས་ཀྱི་མངའ་ཁོངས་སུ་གཞི་རིམ་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་པའི་དབུལ་ཕོངས་མི་གྲངས་ཁྲོད། ཚབས་ཆེན་ནད་པ་སྡོད་བཅོས་བྱེད་པའི་མི་སྒེར་གྱི་སྨན་ཡོན་སྤྲོད་མི་དགོས་པ་མངོན་འགྱུར་བྱ་ཐུབ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1