ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14




  སྤྱི་ཟླ་10པའི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་། གྲོས་ཚོགས་སྟེང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་པར་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་བཟང་རང་གཅུན་གྱི་སྒྲིག་ལུགས།དང་ཀྲུང་གུང་གུང་ཁྲན་ཏང་གི་སྒྲིག་འགལ་ཆད་གཅོད་སྲོལ་ཡིགལ་གྲོས་འཆམ་བྱུང་།

  གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དེ་སྤྱི་ཟླ་10པའི་ཚེས་26ཉིན་ནས་ཚེས་29བར་པེ་ཅིང་ནས་འཚོགས་རྒྱུའི་གྲོས་ཐག་བཅད།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་ནང་ཁུལ་གྱི་ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གཏན་འཁེལ།མ་ཡིག་གི་རེ་འཆར་བསྡུ་ལེན་གྱི་གནས་ཚུལ་སྙན་ཞུ་ལ་གསན། ཐེངས་འདི་གྲོས་ཚོགས་སྟེང་གྲོས་མོལ་དང་ཞིབ་འཇུག་བྱས་པའི་བསམ་འཆར་དག་ལ་བཟོ་བཅོས་བྱས་རྗེས་བསམ་འཆར་མ་ཡིག་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་ཞིབ་བྱ་རྒྱུ་ཐག་བཅད།

  གྲོས་ཚོགས་ལས་ཐེངས་འདིའི་བསམ་འཆར་བསྡུ་ལེན་གྱི་གོ་རིམ་ཁྲོད། ས་ཁུལ་དང་སྡེ་ཁག་སོ་སོའི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིས་བསམ་འཆར་མ་ཡིག་ཐད་ལ་དགོངས་འཆར་མང་པོ་བཏོན་པ་ལས་ཏང་ནང་ཁུལ་གྱི་དམངས་གཙོ་སྲོལ་རྒྱུན་དར་སྤེལ་དུ་བཏང་བ་མཚོན། ཕྱོགས་ཡོངས་ནས་འཐུས་ཚང་དང་ཞིབ་འཇུག ལེགས་ཆ་བསྡུ་ལེན་བཅས་བྱས་ཏེ་འཆར་འགོད་གཏན་འཁེལ་ལེགས་པོ་བྱ་བ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལ་ཁ་ཕྱོགས་སྟོན་དགོས་པར་མ་ཟད། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་གྱུར་བྱེད་པར་ཁག་ཐེག་བྱ་དགོས་པར་ངོས་འཛིན་བྱས། 

  གྲོས་ཚོགས་སྟེང་བསྟན་དོན། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་འདི་ནི་རང་རྒྱལ་ལ་མཚོན་ན་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ལྔ་ཡིན་ལ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་བཅོས་བསྒྱུར་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་ཁྲོད་ང་ཚོ་ཏང་གིས་མཐུན་སྒྲིལ་དམ་ཟབ་སྒོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་ལྷན་དུ་དཀའ་བ་གདོང་གིས་བསུས་ནས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་གསར་དུ་གཏོད་དེ་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བླངས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དམིགས་འབེན་མངོན་འགྱུར་བྱེད་ལ་ཉེ་ཞིང་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་སྐས་རིམ་གསར་བ་ཞིག་ཏུ་སླེབས་ཡོད།

  ཚོགས་འདུའི་སྟེང་བསྟན་དོན། མི་དམངས་ནི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཡིན་པས། ངེས་པར་དུ་མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱ་དགོས་པ་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ནི་འཕེལ་རྒྱས་ཀྱི་འགོ་ཚུགས་ས་དང་གཞི་འབབ་ས་ཡིན། མི་དམངས་དམངས་གཙོ་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དྲང་བདེན་རྒྱུན་འཁྱོངས། མི་དམས་འདྲ་མཉམ་སྒོས་ཟབ་ཞུགས་བྱེད་པ་དང་འདྲ་མཉམ་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་། མི་དམངས་ཀྱི་བརྩོན་སེམས་དང་ཡར་བསྐྱེད་ཀྱི་སེམས་ཤུགས། གསར་གཏོད་ཀྱི་སྙིང་སྟོབས་ལ་སྐུལ་སློང་བྱ་དགོས། དཔལ་འབྱོར་གྱི་འཕེལ་རྒྱས་དམིགས་སུ་བཟུང་ནས་ཚན་རིག་གི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་མགྱོགས་མྱུར་སྒོས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་འགོད་དང་ཁྱོན་ཡོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། མགྱོགས་མྱུར་སྒོས་ཕྱོགས་སོ་སོའི་ལམ་ལུགས་འཐུས་ཚང་དུ་གཏང་བ། སྔར་ལས་ལེགས་པར་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་བྱས་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྐྲུན་པ་དང་འགན་སྲུང་ལེགས་པོ་བྱ་དགོས།

  གྲོས་ཚོགས་ལས་བསྟན་དོན།  ཕྱོགས་ཡོངས་ནས་ནན་ཏན་སྒོས་ཏང་སྐྱོང་བ་ནི་ཏང་གི་ལོ་རྒྱུས་ཀྱི་འགན་ཁུར་ལེགས་པར་འགྲུབ་པའི་སྔོན་འགྲོ་ཡིན་པ་དང་། སྒྲིག་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་བ་ནི་ཕྱོགས་ཡོངས་ནས་ནན་ཏན་སྒོས་ཏང་སྐྱོང་བའི་ཐབས་ཇུས་ཀྱི་རྨང་གཞི་ཡིན་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་ལུགས་སྲོལ། རྩ་འཛུགས་ཀྱི་སྒྲིག་ལམ་ལ་ཤུགས་སྣོན་བྱས་ཏེ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཇེ་ཆེར་བཏང་། དོན་དངོས་དང་མཐུན་པར་ཏང་སྐྱོང་གོ་རིམ་ཁྲོད་གནས་པའི་གནད་དོན་མང་པོ་ཐག་གཅོད་བྱས།  ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་གིས་ཏང་ནང་ཁུལ་གྱི་སྒྲིག་ལམ་སྒྲིག་འཛུགས་ཐད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1