ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


        སྤྱི་ཟླ10པའི་ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། ཞིང་གྲོང་དང་མཐའ་འཁོར་ས་ཁུལ་གྱི་ཡངས་ལམ་གློག་འཕྲིན་ཡོངས་ཁྱབ་ཞབས་ཞུའི་ཁ་གསབ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་གྲངས་བར་ཁྱད་ཇེ་ཆུང་དུ་གཏང་རྒྱུའི་ཐག་བཅད་པ་དང་། ཞིང་གྲོང་གི་གློག་ཚོང་མྱུར་དུ་གོང་འཕེལ་དུ་བཏང་སྟེ་ལས་སྒོ་གསར་པ་རྒྱ་བསྐྱེད་དེ་འཛད་སྤྱོད་ལ་སྐུལ་འདེད་གཏང་བ་དང་དམངས་འཚོ་ལ་ཕན་འདོགས་པར་བཀོད་སྒྲིག་བྱས་པར་མ་ཟད། མགྱོགས་སྐྱེལ་ལས་སྒོ་གོང་འཕེལ་དུ་གཏང་བར་སྐུལ་འདེད་བྱས་ཏེ། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕར་ས་གསར་བ་སྐྱེད་སྲིང་བྱེད་པར་གཏན་འཁེལ་བྱས།

        གྲོས་ཚོགས་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏང་བ་དང་། ས་གནས་ཀྱིས་སྲིད་ཇུས་དང་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་བྱས་ཏེ། 2020ལོར་སླེབས་སྐབས་ཡངས་ལམ་དྲ་བ་འཐེན་མེད་པའི་སྲིད་འཛིན་ཡུལ་ཚོ་ཁྲི་5ལ་དྲ་བ་འཐེན་པ་དང་། ཞིང་གྲོང་དུད་ཁྱིམ་ཁྲི་3000ལྷག་གི་དྲ་བའི་རིམ་པ་སྤར་ཏེ། སྲིད་འཛིན་ཡུལ་ཚོ་98%ལ་དྲ་བ་འཐེན་རྒྱུའི་ཐག་བཅད།

གྲོས་ཚོགས་ནས་མགྱོགས་སྐྱེལ་ལས་སྒོ་མྱུར་དུ་གོང་འཕེལ་དུ་གཏང་ན། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བཟོ་ཐུབ་པ་དང་། འཁོར་རྒྱུག་གི་མ་རྩ་ཇེ་དམའ་རུ་གཏང་ཐུབ་ལ། ལས་སྐྲུན་གསར་སྐྲུན་ལ་ཞབས་འདེགས་ཞུ་ཐུབ་པར་མ་ཟད། ནང་མཁོ་དང་ལས་ཞུགས་རྒྱ་བསྐྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་ཡར་སྐུལ་བྱེད་པ། རྣམ་པ་གསར་པའི་མཁར་གྲོང་ཅན་གྱི་སྤུས་ཚད་ཇེ་མཐོར་གཏང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

        གྲོས་ཚོགས་ནས་དོན་དག་གཞན་པར་ཞིབ་འཇུག་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1