ཞི་ཅིན་ཕིང་གིས་ཁ་རོ་ཤེ་ཡའི་སྲིད་འཛིན་ཅི་ཐཱ་ལོའོ་ཝེ་ཆི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


  སྤྱི་ཟླ་10པའི་ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་རོ་ཤེ་ཡའི་སྲིད་འཛིན་ཅི་ཐཱ་ལོའོ་ཆི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་སྟོབས་ཤུགས་སྔོག་འདོན་དང་ཀྲུང་གོ་དང་ཁ་རོ་ཤེ་ཡའི་མཉམ་ལས་མཛའ་འབྲེལ་མཐོར་འདེགས་སུ་གཏང་བར་མོས་མཐུན་བྱུང་།

  ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་འབད་པའི་འོག་ཀྲུང་གོ་དང་ཁ་རོ་ཤེ་ཡའི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་འདུག ཀྲུང་གོ་དང་ཁ་རོ་ཤེ་ཡའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་འཁོར་10ལོན་པའི་སྐབས་འདིར་སྲིད་འཛིན་ལགས་ཀྲུང་གོར་འཚམས་འདྲིར་ཕེབས་པ་འདིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་ཞིག་སྣོན་ངེས། ཀྲུང་གོ་དང་ཁ་རོ་ཤེ་ཡ་གཉིས་ཀྱི་ཐབས་ཇུས་ཀྱི་མཐོ་ཚད་དང་མིག་རྒྱང་རིང་བོར་གཞིགས་ནས་ཕྱོགས་གཉིས་ཀྱི་གནད་དོན་ཐག་གཅོད་དང་ཁེ་ཕན་གཙོ་བོ་དང་དང་གནད་དོན་གལ་ཆེན་གྱི་ཐད་ནས་རྒྱབ་སྐྱོར་བྱ་དགོས། ད་ལོ་ནི་ཀྲུང་གོ་དང་ཡོ་རབ་མནའ་འབྲེལ་བར་ལ་འབྲེལ་བ་བཙུགས་ནས་ལོ་འཁོར་40ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་དང་རྒྱ་བསྐྱེད་ཀྱི་གོ་སྐབས་ཤིག་ལ་འཁེལ་འདུག ཀྲུང་གོ་དང་ཡོ་རབ་མནའ་འབྲེལ་གྱིས་ནན་ཏན་སྒོས་ཀྲུང་གོ་དང་ཡོ་རབ་མནའ་འབྲེལ་གྱི་ཞི་བདེ་དང་འཕེལ་རྒྱས། བཅོས་བསྒྱུར། དཔལ་ཡོན་བཅས་ཀྱི་མཉམ་ལས་འབྲེལ་བ་ལག་བསྟར་བྱས་ཏེ་མཉམ་ལས་ཀྱི་བར་སྟོང་གསར་པ་ཞིག་དང་འཕར་གཞི་གསར་བ་འཚོལ་བཞིན་ཡོད་ཅེས་བསྟན།

  ཅི་ཐཱ་ལོའོ་ཝེ་ཆི་ཡིས་ཀྲུང་གོ་དང་ཁ་རོ་ཤེ་ཡ་ཡིས་ཕྱོགས་ཡོངས་མཉམ་ལས་འབྲེལ་བ་བཙུགས་ནས་ལོ་འཁོར་10ལོན་པའི་སྐབས་འདིར་ཀྲུང་གོར་འཚམས་འདྲི་ཡོང་བ་དང་2015ལོའི་དབུལ་སེལ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་བཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་ནི་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གི་ཆེས་གལ་ཆེན་གྱི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་སྲོལ་རྒྱུན་གྱི་རྒྱུན་རིང་ལ། ཁ་རོ་ཤེ་ཡའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་མཛའ་བརྩེ་ཟབ་མོ་བཅངས་ཡོད། ཁ་རོ་ཤེ་ཡ་དང་ཀྲུང་གོས་འབྲེལ་བ་བཙུགས་ནས་ལོ་འཁོར་23ལོན་པའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཡོད། ཕྱོགས་གཉིས་ཀྱི་མཐོ་རིམ་འབྲེལ་འདྲེས་ཇེ་མང་དུ་སོང་ཞིང་བཟོ་ཚོང་དང་རིག་གནས། ས་གནས་སོགས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། རྒྱལ་སྤྱིའི་ས་ཁུལ་དང་ལས་དོན་ཁྲོད་ཕན་ཚུན་བབ་སྟུན་དང་འབྲེལ་བ་སྙོམས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་པ་རེད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1