ལིའུ་ཡོན་ཧྲན་གྱིས་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དང་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་དཔལ་ཡོན་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཡོན་ཧྲན་ཀྱིས་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དང་མིང་འདོན་བྱ་དགའ་ཐོབ་མཁན་ལ་མཇལ་འཕྲད་གནང་བར་མ་ཟད། ཚོགས་ཐོག་ཏུ་གསུང་བཤད་གནང་། ལིའུ་ཡོན་ཧྲན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་བསྡུར་འདེམས་དང་གཟེངས་བསྟོད་བྱེད་པར་དགོས་གལ་དང་དོན་སྙིང་ཆེན་པོ་ཡོད་པ་མཚོན་ལ། ཀུན་སྤྱོད་དཔེ་ལེགས་ཀྱི་ཁྱབ་བསྒྲགས་སློབ་སྦྱོང་བྱེད་སྒོ་སྤེལ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་བསམ་བློ་གཏིང་ཟབ་ཏུ་གཏང་བར་རེ་བ་ནན་པོ་བཏོན་པ་རེད། འདི་ལས་ཀུན་སྤྱོད་འཛུགས་སྐྲུན་ལ་ཚད་མཐོ་བའི་མཐོང་ཆེན་བྱེད་པ་མཚོན་པས་སློབ་སྦྱོང་དང་ལག་བསྟར་ལེགས་པོ་བྱ་དགོས་ཞེས་བསྟན། 

  ལིའུ་ཡོན་ཧྲན་གྱིས་ཀུན་སྤྱོད་དཔེ་ལེགས་ཅན་ནི་དུས་རབས་ཀྱི་དཔའ་བོ་དང་དྲང་ཕྱོགས་ཀྱི་རིན་ཐང་ལྟ་བ་མཚོན་པས་ཀུན་སྤྱོད་འཛུགས་སྐྲུན་སྐུལ་འདེད་དུ་གཏང་བར་ངེས་པར་དུ་ཀུན་སྤྱོད་དཔེ་ལེགས་ཀྱི་ཐོན་ཁུངས་བེད་སྤྱོད་བྱས་ཏེ་སྣེ་ཁྲིད་ཀྱི་ནུས་པ་འདོན་དུ་བཅུག་དགོས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཀྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་བྱེད་པར་དྲང་ཕྱོགས་ཀྱི་ནུས་པ་འདོན་དུ་འཇུག་དགོས། དཀྱིལ་སྙིང་དམིགས་འཛིན་དང་ཞབས་ཞུ་ཁྱོན་ཡོངས་ལ་ཕྱོགས་པ་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་འོག་ཀུན་སྤྱོད་ལ་བཀུར་ཞིང་ཀུན་སྤྱོད་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན།

  བཞུགས་མོལ་གྲོས་ཚོགས་སྟེང་གཟེངས་རྟགས་གཏན་འབེབས་ཁྱབ་བསྒྲགས་བྱས་ཤིང་། ཝང་ཧྥོ་ཧྲན་སོགས་བློ་མཐུན་62ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཟི་བརྗིད་མཚན་སྙན་གནང་བ་དང་ལོའོ་ལི་ཁྲིན་སོགས་བློ་མཐུན་265ལ་སྐབས་ལྔ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཀྱི་མིང་འདོན་བྱ་དགའ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1