ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཟེངས་བསྟོད་བྱེད་སྒོར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


  སྐབས་ལྔ་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བཞུགས་མོལ་ཚོགས་འདུ་དེ་སྤྱི་ཟླ་10པའི་ཚེས་13ཉིན་གྱི་ཕྱི་དྲོར་པེ་ཅིང་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔོན་དུ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་གཟེངས་རྟགས་ཐོབ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་ལྷག་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཞུས། 

  ཞི་ཅིན་ཕིང་གིས་གཟབ་རྒྱས་ངང་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱས་པ་འདིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ཀྲུང་ཧྭ་མི་རིགས་ཀྱི་ཡར་བསྐྱེད་སྙིང་སྟོབས་ཀྱི་བློ་སྤོབས། རྒྱལ་ཡོངས་མི་རིགས་སོ་སོའི་མཐུན་སྒྲིལ་གྱི་སྟོབས་ཤུགས་མཚོན་པར་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན། ཁོང་གིས་ནན་གྱིས་བསྟན་དོན། ཀུན་སྤྱོད་དཔེ་ལེགས་ནི་ཀུན་སྤྱོད་ལག་ལེན་གྱི་དཔེ་སྟོན་ཡིན་ལ། ཁྱབ་བསྒྲགས་སློབ་སྦྱོང་བྱེད་སྒོ་གཏིབ་ཟབ་ཏུ་བཏང་ནས་རྣམ་པ་གསར་པ་དང་དོན་དངོས་ཕན་ཕྱོད་ལ་གཞོལ་དགོས། ཀུན་སྤྱོད་དཔེ་ལེགས་ཅན་གྱི་དཔེ་སྟོན་སྟོབས་ཤུགས་མི་དམངས་མང་ཚོགས་ཀྱི་ལག་ཆེན་དངོས་ལ་ཕྱོགས་སུ་བཅུག་ནས་སྤྱི་ཕྱོགས་ཡོངས་ནས་དགེ་སྦྱོར་ལ་མོས་ཤིང་ཀུན་སྤྱོད་དང་ཡོན་ཏན་གཉིས་འཛོམས་ཀྱི་སྤྱི་ཚོགས་ཁ་དབུགས་ཤིག་བསྐྲུན་དགོས། མུ་མཐུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དང་དུས་རབས་ཀྱི་ལངས་ཕྱོགས་དར་སྤེལ་དུ་གཏང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ལེགས་པར་འཛུགས་སྐྲུན་བྱས་ཏེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་ཀ་ལ་སྙིང་སྟོབས་ཀྱི་སྐུལ་ཤུགས་དང་ཀུན་སྤྱོད་ཀྱི་མངར་བཅུད་མཁོ་འདོན་བྱ་དགོས་ཞེས་བསྟན།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1