ཞི་ཅིན་ཕིང་གིས་སེ་ཕར་སིའི་སྲིད་འཛིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


  སྤྱི་ཟླ་10པའི་ཚེས་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཨེ་ཤ་ཡའི་དར་གོས་ཚོང་ལམ་གྱི་སྲིད་ཏང་ཆེད་དོན་གྲོས་ཚོགས་སུ་ཞུགས་པར་ཕེབས་པའི་སེ་ཕར་སིའི་སྲིད་འཛིན་ཨཱ་ན་སི་ཐཱ་ཞ་ཅི་སི་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་སེ་ཕར་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། ཀྲུང་གོའི་ཕྱོགས་ནས་སེ་ཕར་སིའི་བར་གྱི་སྲོལ་རྒྱུུན་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། མིག་སྔའི་གནས་བབ་འོག གོམ་གང་མདུན་སྤོས་སྒོས་ཀྲུང་གོ་དང་སེ་ཕར་སིའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་རེད། ཕྱོགས་གཉིས་ཀྱི་སྲོལ་རྒྱུན་གྱི་ཆབ་སྲིད་ཡོད་ཆེས་སྲ་བརྟན་དུ་གཏང་ནས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་འདྲིས་རྒྱན་འཁྱོངས་བྱ་དགོས། སྲིད་གཞུང་དང་ཁྲིམས་འཛུགས་སྡེ་ཁག སྲིད་ཏང་སོགས་ཀྱི་རིམ་པའི་གཏམ་གླེང་དང་བརྗེ་རེས་ལ་ཤུགས་སྣོན་དང་། ཕྱོགས་ཡོངས་མཉམ་ལས་འབྲེལ་བ་རྒྱ་སྐྱེད་དེ་སོ་སོའི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་ཚོང་ཟོག་དང་ནུས་ཁོངས། རིག་གནས། སློབ་གསོ། ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏང་དགོས། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དོན་སྙིང་ཕུན་སུམ་ཇེ་ཚོགས་དང་རྒྱལ་སྤྱིའི་ལས་དོན་ཐད་ཀྱི་རོགས་འདེགས་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་མཛད་རྗེས་འཇོག་དགོས་ཞེས་བསྟན།

  ཨཱ་ན་སི་ཐཱ་ཞ་ཅི་སི་ཡིས་སེ་ཕར་སི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོའི་སེ་ཕར་སིའི་གནད་དོན་ཐད་ནས་དོན་དངོས་དང་མཐུན་པའི་དྲང་ཕྱོགས་ཀྱི་ལྟ་ཚུལ་བཟུང་བར་བཀའ་དྲིན་ཆེ། ང་རང་ཀྲུང་གོ་གུང་ཁྲན་ཏང་གིས་གཙོ་སྒྲུབ་མཛད་པའི་ཨེ་ཤ་ཡའི་དར་གོས་ཚོང་ལམ་གྱི་སྲིད་ཏང་ཆེད་དོན་གྲོས་ཚོགས་སུ་ཞུགས་པ་དང་ཀྲུང་གོར་འཚམས་འདྲི་ཡོང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིས་ཨེ་ཤ་ཡའི་རྒྱལ་ཁབ་སོ་སོའི་ཞི་བདེ་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་ཐུབ་པར་མ་ཟད། ཡོ་རབ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལའང་གོ་སྐབས་ལེགས་པོ་ཞིག་བསྐྲུན་ངེས་ཞེས་བསྟན།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1