ཀྲང་ཏེ་ཅང་གིས་བྷང་ག་ལའི་རྒྱལ་དམངས་གྲོས་ཚོགས་ཀྱི་འགན་འཛིན་པ་ཆོའོ་ཏོ་ལི་དང་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-16


  སྤྱི་ཟླ་10པའི་ཚེས་15ཉིན།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་རྒྱལ་དམངས་གྲོས་ཚོགས་ཀྱི་འགན་འཛིན་པ་ཆོའོ་ཏོ་ལི་དང་གྲོས་མོལ་མཛད། 

  ཀྲང་ཏི་ཅང་གིས་ཀྲུང་གོ་དང་བྷང་ག་ལ་ནི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་ཡིན། ཀྲུང་གོ་དང་བྷང་ག་ལས་འབྲེལ་བ་བཙུགས་ནས་ལོ་ངོ་40འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས། རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བའི་རྒྱུན་བསྐྱངས་བ་རེད། ཟླ་སྔོན་མའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་འཚོགས་པའི་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཧྭ་ཞི་ནཱ་གཉིས་མཇལ་འཕྲད་གནང་སྟེ་ཀྲུང་གོ་དང་བྷང་ག་ལའི་མཉམ་ལས་གཏིང་ཟབ་ཀྱི་ཐད་ནས་དགོངས་འཆར་བརྗེ་རེས་བྱས། འདིས་2015ལོའི་རྗེས་ཀྱི་འཕེལ་རྒྱས་དང་ཀྲུང་གོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་འབྲེལ་གྱི་མངོན་གྱུར་ལ་སྐུལ་འདེད་ཀྱི་ནུས་པ་ཐོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཚན་རྩལ་གྱི་རོགས་སྐྱོར་ཐེབས་རྩ་སོགས་ཀྱི་མུ་འབྲེལ་གྲོས་གཞི་བཏོན་པ་དེས་ཀྲུང་གོ་དང་བྷང་ག་ལའི་མཉམ་འབྲེལ་ལ་བར་སྟོང་གསར་པ་ཞིག་བསྐྲུན་པ་རེད་ཅེས་བསྟན།

  ཆོའོ་ཏོ་ལི་ཡིས་བྷང་ག་ལའི་ཕྱོགས་ནས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་ངོ་40ལོན་པའི་གོ་སྐབས་འདིར་རིམ་པ་སོ་སོའི་འབྲེལ་འདྲིས་ལ་ཤུགས་སྣོན་དང་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་གཏིང་ཟབ་གཏང་སྟེ་ཁྱབ་ཁོངས་སོ་སོའི་དོན་དངོས་མཉམ་འབྲེལ་ལ་སྐུལ་འདེད་དང་། མུ་མཐུད་དུ་ཀྲུང་གོ་དང་བྷང་ག་ལའི་མཉམ་ལས་འབྲེལ་བའི་དོན་སྙིང་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། བྷང་ག་ལའི་ཕྱོགས་ནས་ཀྲུང་གོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཚན་རྩལ་མཉམ་འབྲེལ་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་བཏོན་པར་ཚད་མཐོ་བའི་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོ་དང་མཉམ་དུ་འབྲེལ་བ་དམ་ཟབ་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཚན་རྩལ་མཉམ་ལས་འབྲེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1